| e-texts navigator |
| Wylie |
62a1 བདེན་པར་ཇི་ལྟར་འཐོབ།། ཕྱི་མའི་དོན་དུ་སྐྱབས་ཀྱི་གཞི།། གསུམ་པོ་དག་ཀྱང་ཇི་ལྟ་བུ།། ཐེམ་སྐས་ལྟ་བུར་བདག་གིས་མཐོང་།། ཡེ་ཤེས་གུད་ན་གཞན་མ་མཆིས།། བུ་སྐྱེས་པ་ནི་མ་མཆིས་པར།།
62a2 བུ་ཞིག་ཀྱང་ནི་ཇི་སྐད་བགྱི།། བུ་ཆགས་ན་ནི་སྐྱེ་འགྱུར་ཏེ།། བསམ་དང་ལས་ཀྱི་དོན་ཀྱང་མཆིས།། ཐུབ་པ་ཁྱོད་ནི་མི་གསུང་བ།། བླ་མྱེད་རྣམས་ཀྱིས་མྱི་གཏོགས་ཏེ།། འཁོར་བའི་བཙོན་རང་ཐམས་ཅད་ཀྱང་།། འཁོར
62a3 ལོ་གཅིག་པུ་འཁྱམ་པར་འགྱུར།། དེ་ཕྱིར་དེ་དག་མྱིང་ཙམ་གྱི།། དགེ་བསྙེན་དུ་ཡང་མྱི་འགྱུར་ལགས།། ཐུབ་པ་བདག་ལ་ཕྱེ་སྟེ་གསུངས།། ཐེ་ཙོམ་མྱུར་ཏུ་གཅད་པར་གསོལ།། ཡེ་ཤེས་ཆེ་ལྡན་དེ་བཞིན་གཤེགས
62a4 དགོངས་པ་ཇི་འདྲ་བར་བསྟནད་ཏུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའས་ཅལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། འོད་སྲུང་ཆེན་པོ་དམ་པ་མཆོག། དགོངས་པ་དེ་ཡང་བསྟནད་པར་བྱ།། ཁྱོད
62a5 ཀྱིས་ཐེ་ཙོམ་གཅད་པར་བྱ།། སངས་རྒྱས་ལ་ནི་སྐྱབས་སོང་བས་དགེ་བསྙེན་ཉིད་ནི་ཐོབ་པར་འགྱུར།། ལྷ་རྣམས་དེ་དག་ཐམས་ཅད། ནི།། དེ་ཚེ་དེའི་སྐྱབས་མ་ཡིན།། ཆོས་ལ་སྐྱབས་སུ་སོང་ན་ཡང
62a6 འདི་ནི་འཚེ་བ་སྤོང་བར་འགྱུར།། དགེ་འདུན་ལ་ཡང་སྐྱབས་སོང་ན་དེ་བཞིན་དགེ་བསྙེན་དག་ཏུ་འགྱུར།། དེས་ན་འདི་ལས་ཕྱི་རོལ་རྣམ་ས།། དེའི་ཡོན་གནས་མ་ཡིན་ལ།། དེ་ལྟར་འཇིགས་པ་མྱེད
62a7 པ་རྣམས།། སྐྱབས་ཀྱི་གཞི་གསུམ་ཐོབ་པར་འགྱུར།། གསོལ་པ། དེ་ཕྱིར་དགོགསུམ་འཇིག་པ་ལ།། བདག་ནི་སྐྱབས་སུ་མཆི་བར་བགྱི།། འདི་ཉིད་དམ་པ་རྣམས་ཀྱི་ལམ།། འདི་ཉིད་སངས་རྒྱས་ཆོས་ཉིད
62a8 ལགས།། ཐུབ་པ་ཆེན་པ་རྟག་ཏུ་ཡང་།། གཞི་གསུམ་པོ་ན་མི་ཉཾ་པ་ཉིད།། བདག་ཀྱང་ཁྱོད་དང་འདྲ་བར་ནི།། གནས་འདིར་བླ་ན་མྱེད་པ་ལགས།། ལམ་འདི་བདེ་བར་གཤེགས་པས་བསྔགས་པ་སྟེ། དེར་མཆིས།
62a9 པ་ནི་ཡང་དག་བཞུགས་པ་ལགས།། ཀུནད་ཏུ་སྤྱན་ཡང་དེའི་ས་ངེས་པར་འབྱུང་།། ལམ་འདི་བདེ་བར་གཤེགས་པས་བསྔགས་པ་སྟེ། དེཕྱིར་བདག་ཀྱང་སངས་རྒྱས་རྣམས་ཀྱི་ལམ།། ལམ་མཆོག་རྒྱ་ཆེན་འདི།