| e-texts navigator |
| Wylie |
61b1 བཅད་པ་འདི་དག་བཀའ་སཿལད་ཏོ།། ཁ་ཅིག་བདུད་ཅི་འཐུངས་པར་འཆི་མྱི་འགྱུར།། ཁ་ཅིག་དུག་འཐུངས་པས་ཀྱང་འཆི་མྱི་འགྱུར།། ཁ་ཅིག་གིས་ནི་འཐུངས་ན་འཆི་བར་འགྱུར།། ཐེག་པ་ཆེན་པོ་འདི་ལ་ནི།།
61b2 ཆགས་མྱེད་ཡེ་ཤེས་བདུད་ཅི་ཡིན།། མཚུངས་པ་མྱེད་པ་ཡེ་ཤེས་མཆོག། དེ་ཉིད་དུག་ཡིན་ཞེས་ཀྱང་བསྟན།། ཞུ་བའི་འོག་ཏུ་ཟ་བ་ལ།། མར་གྱི་སྙིང་གུ་སྣང་ཅི་དང་།། ཁ་ར་རྣམས་ནི་བདུད་ཅི་ཡིན།། མ
61b3 ཨུ་བ་ལ་དུག་ཏུ་འགྱུར།། དེ་བཞིན་རབ་རྒྱས་བདུད་བཆིའི་མཆོག། དགོངས་པའི་ཚིག་ལ་མྱི་མཁས་ཞིང་།། བྱིས་པའི་བློ་དང་ལྡན་པ་རྣམས།། མྱི་བཟད་པའི་དུག་ཏུ་འགྱུར།། རང་རྒྱལ་ཉན་ཐོས་རྣམས་ཀྱང་ནི།
61b4 རྟག་ཏུ་དེ་དང་འདྲ་བ་ཡིན།། ཐེག་ཆེན་སྨན་མཆོག་དེ་དག་ལ།། བྱའི་འོ་མ་འཐུང་བ་བཞིན།། བྱང་ཆུབ་སེམས་དཔལ་འཇིགས་མྱེད་པ།། མྱི་མཆོག་བརྟན་པོ་དེ་དག་ནི།། ཐེག་པ་ཆེན་པོས་ངེས་པར་འབྱུང
61b5 འོད་སྲུང་དེ་ལྟར་ཤེས་ནས་ནི།། བདུད་ཅི་རྟག་པ་ཁམས་ཀྱི་དབྱེ།། ངས།། དེ་ལ་དེང་འདིར་སྐྱབས་མཆོག་སོང་།། བདུད་རྩི་མཆོན།། ཀ་ཁམས་དེ་ནི།། ངའི་ཁམས་ཡིན་སེམས་ཅན་ཁམས།
61b6 རྟག་ཏུ་ང་ལ་སྐྱབས་སོང་ན།། སྐྱབས་གསུམ་བདག་ཉིད་ཁམས་སུ་འགྱུར།། ངའི་སྐུ་ལ་ཁམས་ཡོད་ཀྱིས།། བདག་ཉིད་འདི་ལ་ཁྱོད་ཞུགས་ཤིང་།། སངས་རྒྱས་ཆོས་དང་དགེ་འདུན་རྣམས།།
61b7 ངའི་ཁམས་ཀྱི་རང་བཞིན་ཏེ།། གསུམ་པོ་རིན་ཆེན་མཆོག་ཡིན་ཞེས།། བཅོམ་ལྡན་འདས་ཀྱིས་ཚིགས་བཅད་གསུངས།། གསོལ་པ། འཇིགས་མྱེད་ཇི་ལྟར་སྐྱབས་མཆི་བ།། བདག་གིས་བློ་བར་མ་ཆུད
61b8 ལགས།། དཀོན་མཆོག་གསུམ་ཡང་མ་འཚལ་ད་ཏེ།། བདག་མྱེད་ལ་ནི་ཇི་ལྟར་མཆིའ།། སངས་རྒྱས་སྐྱབས་སུ་མཚན་ཡང་།། ཇི་ལྟར་དབུགས་ནི་ཕྱིན་པར་འགྱུར།། ཅིའི་སླད་དུ་མྱི་རྣམས་ནི།། ཆོས་ལ་སྐྱབས
61b9 སུ་མཆི་བར་བགྱིད།། ཇི་ཞིག་གིས་ན་རང་དགར་འགྱུར།། ཇི་ཞིག་གིས་ནི་མྱི་འགྱུར་ལགས།། དགེའ་འདུན་ལ་ནི་སྐྱབས་མཆིན།། སྐྱེས་གསུམ་མཆོག་ཏུ་ཇི་ལྟར་འགྱུར།། མ་འོངས་པ་ན་སངས་རྒྱས་ཉིད།། ཡང་དག