| e-texts navigator |
| Wylie |
61a1 རྗེའུ་རིགས་དང་དམངས་རིགས་དང་། གདོལ་པ་དང་། བྱ་དང་རི་དགས་དང་མཚན་ཐ་དད་པ་གསུམ་ཀྱི་མྱིང་དང་བློ་ཐ་དད་པ་དང་སྲིད་པ་ཉི་ཤུ་ཎ་ལྔ་དག་ཏུ་སེམས་ཅན་རྣམས་ཉིད་མཚམས་སྦྱོར་བར་འགྱུར།
61a2 འཇིག་རྟེན་པ་རྣམས་ཀྱི་བདག་ནི་ལྡུམ་བུ་ཤ་མ་ཀའི་འབྲས་བུ་ཙམ་དང་། འབྲས་ཀྱི་འབྲུ་ཙམ་དང་མཐེ་བོ་ཙམ་ཞེས་བྱ་བ་ལ་སྩོགས་པར་རྟོག་པ་སྟེ་མྱི་བདེན་པའི་རྟོག་པ་མ་ཡིན་ནོ། འཇིག་རྟེན་ལས་འདས་པའི་རྟོག
61a3 པ་ནི་སངས་རྒྱས་ཀྱི་ཁམས་ཡོད་པར་རྟོག་པ་གང་ཡིན་པ་སྟེ། དོན་དམ་པའི་བདེན་པའི་རྟོག་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་གཏེར་གི་འབྱུང་ཁུང་གི་དཔྱད་ཤེས་པའི་མྱོས་གཞོར་རམ་བརྐོ་བའི་བྱེད
61a4 གཞན་དག་གིས་གཏེར་བརྐོས་ན་རྡོ་དང་གསེག་མ་ཐམས་ཅད་ནི་ཕྱེ་མར་ཀློག་པ་ནུས་པ། རྡོ་རྗེ་ནི་ནམས་ཀྱང་ཅུང་ཟད་ཀྱང་ཆོད་པར་མྱི་ནུས་ཏེ། མཚོན་ཆ་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་རིན་པོ་ཆེ་མྱི་ཆོད
61a5 པ་དེ་བཞིན་དུ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེ། བ་པོའི་བདག་ནི། ལྷ་དང་བདུད་བྱེ་བ་སྙེད་ཀྱིས་ཀྱང་མཚོན་ཆ་ཐ། མས་ཅད་ཀྱིས་གཅོད་པར་མྱི་ནུས་ན་བསགས་པའི་ཁམས
61a6 ནི་རྡོ་དང་གསེག་མ་བཞིན་དུ་ཕྱེ་མར་ཀློག་ནུས་སོ།། དེ་བཞིན་ག་ཤཻ་གས་པའི་སྙིང་པོ་འཚོ་བ་པོ་ན་རྡོ་རྗེ་རིན་པོ་ཆེ་དང་འདྲ་སྟེ། དེ་བས་ན་མྱི་རྣམས་ཀྱི་ཀསྲོག་པ་བཅད་པས་འཚོ་བ་འཇིག་པར་འགྱུར་ཏེ།
61a7 དེའི་ཕྱིར་བསགས་པའི་ཁམས་བཤིགས་པས་སྲོག་ཆགས་བསད་པར་འགྱུར་རོ།། རིགས་ཀྱི་བུ་དེ་ལྟར་མ་སངས་རྒྱས་ཀྱི་བསྟན་པ་ཤི་ན་ཏུ་རྒྱས་པ་ནི་མཆོག་ཏུ་མ་འདྲ་སྟེ། བདུད་ཚི་ལོ་མཆོག་ཀྱང་ཡིན་ནོ།།
61a8 དྲུག་གི་མཆོག་ཀྱང་ཡིན་དོ།། གསོལ་པ། བཅོམ་ལྡན་འདས་ཀྱི་ལས་དགོངས་ཏེ་གནད་ཏུ་རྒྱས་པ་ནི་བདུད་ཚིལ་མཆོག་ཀྱང་ལགས། དྲུག་གི་མཆོག་ཀྱང་ལགས་ཤེས་བཀའ་བ་ཡད་ལགས།། བཀའ་#
61a9 པ་རིགས་ཀྱི་བུ་ཁྱོད་དགོངས་པའི་ཚིག་འདི་ཤེས་པར་འདོད་དམ་པ་གསོལྡ་པ་། བཅོམ་ལྡན་འདས་དགོངས་པའི་གསུང་གི་མཆོག་ཤེས་པར་འཚལ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་མཆིག་སུ