e-texts navigator
Collection
Volume
Page
Wylie

60b1 བཅུད་རོ་གཅིག་ཏུ་དེ་འདྲ་བ་དེ་ལས་རོ་ཐ་དད་པ་སྣ་ཚོགས་འབྱུང་ལ། རོ་དེ་དག་ཀྱང་ཕན་ཚུན་འདྲེ་བར་མྱི་འགྱུར་ཏེ། བཅུད་ཀྱི་ཁམས་དེ་ཡང་ཟླ་བའི་དཀྱིལ་འཁོར་བཞིན་དུ་ཡོངས་སུ་ཁྱབ་པར་འདུག་གོ།། དེ་དེ་ལྟར།
60b2 འདུག་ཀྱང་སེམས་མཱ་ཞན་དག་གིས་ནི་ཤིང་གེལ་བའི་ནགས་དེའི་ནང་དུ་ཞུགས་ཏེ། གཞོར་དག་གིསེ་བརྐོས་ཀྱང་སེམས་ཅན་སྐལྡ་པ་ཆུང་དུ་རྣམས་ཀྱིསེ་ཐོབ་པར་མྱི་འགྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོས
60b3 ནི་བསོད་ནམས་ཀྱི་མཐུས་ཐོབ་པར་འགྱུར་བ་དེ་བཞིན་དུ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ན་བཅུད་ཀྱི་ཁམས་དང་འདྲལ་ལ། ཉོན་མོངས་པའི་རྣམ་པས་བསྒོམས་ཤིང་འདུག་སྟེ། སངས་རྒྱས་སུ
60b4 འགྱུར་བའི་རྒྱུར་རོ་གཅིག་ཏུ་ཟིནད་ཀྱང་། དེ་ལས་སེམས་ཅན་རྣམས་ཀྱི་རྣམ་པར་སྨིནད་པས་རོ་མང་པོར་འགྱུར་ཏེ། སྐྱེས་པ་དང་བུད་མྱེད་དང་མ་ནིང་རྣམས་འབྱུང་བར་འགྱུར་རོ།། དེ་བཞིན་གཤེགས་པའི་ཁས
60b5 དེ་ནི་སྐྱེས་པའི་རེང་བཞིན་ཡིན་ཏེ། དེ་བས་ན་སྲོག་བཅད་པས། སྲོག་ཆགས་བསད་པར་མྱི་འགྱུར་རོ།། གལ་ཏེ་སྲོག་ཆགས་པས་ད་པར་གྱུར་ན་ནི། འཚོ་བ་པོ་གཏན་མྱེད་པར་བྱས་པར་འགྱུར
60b6 ལ། འཚོ་བ་པོ་གཏན་མྱེད་པར་འགྱུར་བ་ནི་མྱི་སྲིད་དོ།། དེ་ལ་འཚོ་བ་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡན་ལ། ཁམས་དེ་ནི་གཞིག་པའམ། བསད་པའམ། གཏན་མྱེད
60b7 པར་བྱར་མྱི་ནུས་ལ། སངས་རྒྱས་ཉིད་མ་ཐོས་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པར་མཐོང་བར་ཡང་མྱི་ནུས་སོ།། དེ་བས་ན་སྲོག་ཆགས་གསོད་པ་མྱི་བྱེད་དེ།། གསོལ་པ། མ་མཆིས་ཞེས་བགྱིད་མྱི་རུང་སྟེ།
60b8 གལ་ཏེ་མ་མཆིས་སུ་ལགས་ན། སྲོག་ཆགས་བཀུམ་པས་སྡིག་པར་མྱི་འགྱུར་བའི་རིགས་ལགས་སོ།། བཀའ་ས་ལད་པ་ཡོད་དོ་ཞེས་བརྗོད་པར་བྱས་ཏེ། ཇི་ལྟ་ཞེ་ན་ཕྱི་རོལ་གྱི་བསགས་པའི་ཁམས་ཤིང་གེ་ལ
60b9 པ་དང་འདྲ་བ་དེ་བསད་པ་ལ་སྲོག་གཅོད་པ་ཞེས་བྱ་སྟེ། དེ་བས་ན་སྲོག་བཅད་པས་དེའི་སྡིག་པའི་ཚོགས་ཀྱིས་ངན་འགྲོར་འགྲོ་བར་འགྱུར་ལ། ལས་ངན་པའི་རྣམ་པར་སྨིན་པས་བྲམ་ཟེ་དང་རྒྱལ་རིགས་དང་།




iiif viewer powered by OpenSeadragon

60a - 61a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo