| e-texts navigator |
| Wylie |
60a1 བདག་གི་དེ་ཁོར་མ་རྟོགས་པ་དང་། མྱི་དགེ་བའི་གྲོག་པོའི་དབང་དུ་གྱུར་པ་དང་། དགོངས་པའི་ཚིག་མྱི་ཤེས་པས་བདག་ཡོད་བཞིན་དུ་བདག་མྱེད་པར་བསྒོམ་པར་བྱེད་དོ།། བདག་མྱེད་པ།
60a2 མྱི་བསྒོམ་པ་རྣམས་ནི་འཇིག་རྟེན་པའི་བདག་བསྒོམ་པར་བྱེད་དོ།། ཇི་ལྟར་འཇིག་རྟེན་པའི་བདག་ཡོད་དོ་ཞེས།། བདག་གི་དེ་ཁོ་ན་ཉིད་མ་རྟོགས་པ་བཞིན་དུ།། འཇིག་རྟེན་ལས་འདས་པའི་ཡང་དེ་དག་འདྲ་སྟེ།
60a3 མྱི་དགེ་བའི་གྲོགས་པ་ལ་བསྟེན་པ་དང་། དགོངས་པའི་ཚིག་གིས་མཐའ་མྱི་ཤེས་པས།། བདག་མྱེད་དོ་ཞེས་བསྒོམ་པ་བཞིན་དུ། བདག་མྱེད་པའི་དེ་ཁོ་ན་ཉིད་མྱི་ཤེས་ཏེ། བདག་ཀ་ལ་ཡོད་གང་ན་གནས
60a4 ཅི་རྫ་མའི་ནང་ན་རྫ་མ་འདུག་པ་ལྟ་བུ་ཞིག་གམ། འོན་ཏེ་རླན་ད་ལྟ་བུར་ཁྱམ་པར་འདུག་གམ། ཀྱང་རྨོངས་པའི་སྦྱིན་མཚམས་ཀྱི་རྒྱན་ལྟར་འདུག་གམ་སྙམ་པ་ལ། སྨན་པ་བཞིན་དུ་དེ་བཞིན
60a5 གཤེགས་པས་དེ་དག་ལ་འདི་སྐད་དུ་བདག་ནི་ཐམས་ཅད་དུ་ཀནས་པ་མ་ཡིན་ལ། རིན་པོ་ཆེ་རྡོ་རྗེ་ལྟར་འོད་གསལ་ཞིང་ཉོན་མོངསབའི་རྣམ་པས་བསྒྲིབས་པ་ཡིན་ནོ་ཞེས་བཀའ་སཿཡད་ཏེ།
60a6 དེ་སྐད་ཅེས་བཀའ་སཿ་ལད་པ་ལ། སེམས་ཅན་རྣམས་ཡིད་ཆེས་པར་འགྱུར་ལ། ཉོན་མོངས་པ་ཟད་པར་བྱ་དགོས་པ་ཙམ་དུ་ཟད་དེ། དེ་ནས་རྡོ་རྗེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བར་འགྱུར་རོ།། །
60a7 རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་དཔག་ཏུ་མྱེད་དོ།། གཞན་ཡང་རིགས་ཀྱི་བུ་དཔེར་ན། གདས་ཀྱི་རི་ལ་བཅུད་ཀྱི་ཁམས་བུད་པའི་བཅུད་ཅེས་བྱ་བ་ཞིག་ཡོད་དོ།། དེ་ཤིང་གེལ་བ
60a8 ནགས་སྟུག་པོས་གཟིངས་ཤིང་འདུག་ཀྱང་དེ་ཏྲི་གསུང་ཀིས་མངོན་ཏེ། སྔོན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་གིས་དེའི་དོན་ཏུ་ངོས་སོ་སོ་ནས་ཝ་བཙུགས་ནས་བཅུད་ཀྱི་ཁམས་དེ་ལས་ཝ་ལ་ལའི་ཥ་ནཱ
60a9 ནི་ཁུ་བ་སྒྱུར་བ་འབྱུང་། ལ་ལའི་ཁ་ནས་ནི་ལན་ཙའོ་རོ་འབྱུང་། ལ་ལའི་ཁ་ནས་ནི་དེངར་བ་འབྱུང་། ལ་ལའི་ཁ་ནས་ནི་སྐེབ་འབྱུང་སྟེ། བཅུད་ཀྱི་ཁམས་དེ་ལྟ་བུ་དེ་ནགས་ཀྱི་ནང་ན་ནམ་མཁའ་ལ་ལྡིང་ངོ་།།