e-texts navigator
Collection
Volume
Page
Wylie

5b1 པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། དགེ་བའི་ཆོས་ཅན་དང་། རྒྱ་མཚོ་དང་འདྲ་བའི་བློ་གྲོས་འཆང་བ་དང་། བྱད་གཟུགས་དང་ཆ་བྱད་དང་། རྙེད་པ་དང་། བཀུར་སྟི་གཞན་མྱི་འདོད་པ་དང་། ཆོ་ག་ཤེས་ཤིང་ཡོ་བྱད་བསྙུངས་པ་གང་།
5b2 ཡིན་པ་སྟེ། དེ་ནི་སློབ་དཔོན་ཞེས་བྱའོ།། དེའི་འཁོར་རྙེད་པ་དང་། བཀུར་སྟི་འདོད་པའི་རང་གི་འཁོར་གྱི་དགེ་འདུན་གང་ཡིན་པ་དེ་དག་ནི་བཟློག་པར་བྱེད་དོ།། དེ་ལ་དགེ་འདུན་ཡང་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཆལ་པ་དང
5b3 འདྲེས་པ་དང་། བྱིས་པའི་དགེ་འདུན་དང་། རང་བཞིན་གི་དགེ་འདུན་ནོ།། དེ་ལ་ཚུལ་ཁྲིམས་འཆལ་པ་དང་འདྲེས་པའི་དགེ་འདུན་ནི་རེས་ཟློག་པར་བྱེད་དེ། ཚུལ་ཁྲིམས་འཆལ་པ་དང་འདྲེས་པ་ཞེས་བྱ་བ་ནི། ཚུལ་ཁྲིམས་འ
5b4 པ་རྣམས་འབའ་ཞིག་དང་འཐུན་པར་བྱེད་དེ། དེ་དག་ཚར་གཅོད་པར་མྱེ་བྱེད་ཅིང་། ཟང་ཟིད་ཀྱི་ཕྱིར་དེ་དག་དང་ལྷན་ཅིག་ཏུ་མྱོད་པ་འཐུན་པར་བྱེ། ད་པ་གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྡན་དུ་ཟིན་ཀྱང་དེ་དག་དང་ལྡན
5b5 ཅིག་གནས་པས།། ཚུལ་ཁྲིམས་འཆལ་པ་ཁོ་ན་ཡིན་པའི་གྲངས།། སུ་འགྲོ་བར་འགྱུར་རོ།། འདི་ནི་ཚུལ་ཁྲིམས་འཆལ་པ་དང་འདྲེས།། པ་ཞེས་བྱ་སྟེ། དེ་ནི་ཚུལ་མྱེད་པ་ཟློག་པར་བྱེད་པའི་ཕྱིར་སློབ་དཔོན
5b6 ཞེས་བྱའོ།། བྱིས་པའི་དགེ་འདུན་ཞེས་བྱ་བ་ནི་དགོན་པ་པ་དང་། བསོད་སྙོམས་པ་ཞན་པ་དང་། རྨུགས་པ་རྣམས་ཡིན་ཏེ། སྐབ་ས་འབྱེད་པ་དང་། གསོའི་སྦྱོང་རྣམས་ཀྱི་དུས་དུ་རང་གི་འཁོར་ཉི་ཚེ
5b7 དག་པར་བྱེད་ཀྱི། ཚུལ་ཁྲིམས་འཆལ་པ་རྣམས་དག་པར་མྱི་བྱེད་པར་དེ་དག་དང་ལྷན་ཅིག་ཏུ་འདྲེ་བར་གནས་པ་དེ་ནི་བྱིས་པའི་དགེ་འདུན་ཞེས་བྱ་སྟེ། རྨུགས་པ་དེ་དག་གི་ཚུལ་མ་ཡིན་པ་སེ་ལད་པར་བྱེད་པའི་ཕྱིར་སློབ་དཔོན་ཞེས
5b8 བྱའོ།། རང་བཞིན་གི་དགེ་འདུན་ནི་བདུད་བྱེ་བ་སྙེད་ཀྱིས་ཀྱང་མྱ་ཤོགས་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་རང་བཞིན་གྱིས་རྣམ་པར་དག་པའོ།། ཚུལ་ཁྲིམས་འཆལྡ་པའི་དགེ་འདུན་རྣམ་པ་གཉིས་ཟློནས
5b9 པར་བྱེད་པ་གང་ཡིན་པ་དེ་དག་ནི་སློབ་དཔོན་ཞེས་བྱའོ།། འདུལ་བ་འཛིནད་པ་ཞེས་བྱ་བ་ནི་གདུལ་བར་བྱ་བའི་དབང་ཀྱིས་བསླབ་པའི་གཞི་དེ་དང་དེ་དག་ཤེས་ཏེ། རྔམས་ཆེན་པོ་ཡང་ཤེས་སོ།། རྔམས་ཆུ་དུ་ཡང་ཤེས




iiif viewer powered by OpenSeadragon

5a - 6a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo