e-texts navigator
Collection
Volume
Page
Wylie

59b1 སྨནད་པ་སྨིན་མཚམས་ཀྱི་རྒྱ་དང་རྡོ་རྗེ་དེ་སྟོར་ཀོར་མ་ཆག་ཀོ། ཀྱི་ཧུད་བདག་གིས་ཀབ་ཙེའི་ནང་དུ་བཅུག་ཀམ་ཀར་བཅུག་པ་མྱི་ཤེས་ཏེ། སྦོམ་བུའི་ནང་དུ་བཙལ་ན་ཡང་མ་རྙེད་དོ།། ཀྱི་ཧུད་ཕུད་ཀྱིས་མྱེད་དོ།།
59b2 ཆུའི་ཆུ་བུར་བཞིན་དུ་མྱེད་པར་གྱུར་ད་ན། ཅི་སྒྱུ་མ་ལྟ་བུར་གྱུར་ད་ཏམ་ཞེས་ཟེར་རོ།། དེ་ནས་དེ་ལ་སྨན་པས་སྨྲས་པ། ཀྱེ་མྱི་ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག། ཁྱོད་ཀྱི་རྡོ་རྗེ་དེ་ནི་རྨེའི་ནང་དུ་ནུབ་ནས། ཤ་དང་ཁྲག
59b3 དང་རྣག་གི་ནང་ན་འབར་ཞིང་འདུག་སྟེ། ཁྱོད་སྟོབས་འགྱེད་པ་ལ་ཡི་བྲེལ་ནས་མ་ཚོར་བར་ཟད་དོ་ཞེས་སྨན་པ་དེས་དེ་སྐད་བྱས་ཀྱང་ཡིད་མྱི་ཆེས་ཏེ།། འོ་ན་ནག་ཁྲག་དང་བཅས་ཏེ་ཇི་སྟེ་ཕྱིར་མ་བྱུང་། ཡང་ན་ཆུབ
59b4 ལ་ཐོགས་ཏེ་འདུག་ཀམ། ཁྱོད་དེ་སྐད་མ་བླ་ཤི་ཀ་ཅེས་སྨན་པ་དེ་ལ་འདི་སྐད་ཅེས་སྨྲས་སོ།། དེ་ནས་སྨན་པ་དེས་རྡོ་རྗེ་ཕྱུང་ནས་དེ་ལ་བསྟ་ནད་ཏེ། དེས་མཐོང་ནས་ངོ་མཚར་དུ་གྱུརྡ་པ་དེ་བཞིན་དུ
59b5 སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད།། མོད་ཀྱི། སེམས་ཅན་རྣམས་ཀྱིས་དེ་མྱི་ཤེས་ཏེ། མྱི་དགེ་བའི་གྲོ། གས་པོ་ལ་བསྟེནད་པའི་ཉེས་པ་དང་། འདོད་ཆགས་དང
59b6 ཞེ་སྡང་དང་གཏི་མུཀ་གིས་ནོད་པས། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་དང་། ལྷ་མ་ཡིན་དང་གདོལ་པ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས
59b7 དང་། དམངས་རིགས་རྣམས་སུ་སྐྱེ་བར་འགྱུར་རོ།། བདག་ཉིད་ཉེས་པའི་སྐྱོད་དང་། འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་མྱི་ཞེས་པས། སེམས་ཅན་རྣམས་གླེན་པ་དང་། འོད་པ་དང་ལོང་བ་དང་། ལག་རྡུམ
59b8 དང་། གཞོགས་སྐམ་དང་། དྲི་མ་སྣ་ཚོགས་ཀྱིས་འགོས་པ་དང་། མྱིག་སེར་བ་དང་། སྲད་སྡེའུའི་མདོག་ལྟར་འདུག་པ་དང་། མེ་ཏོག་ཀུ་རན་ཏ་ཀའི་མདོག་ལྟར་འདུག་པ་དང་། མྱིག་དམར་མེར་དུ་འདུག་པ་དང་།
59b9 སྲིད་པ་ཉི་ཀུམ་ལྔ་དག་ཏུ་རྣམ་པ་སྣ་ཚོགས་སུ་འགྱུར་རོ།། ཇི་ལྟར་ཀྱད་དེ་རངབ་ཀྱི་ལུས་ལ་རྡོ་རྗེ་འདུག་ཀྱང་འདུ་ཤེས་ཉམས་པས་སྟོ་པའི་འདུ་ཤེས་སུ་རྟོག་པ་བཞིན་དུ། སེམས་ཅན་འཇིག་རྟེན་པ་རྣམ




iiif viewer powered by OpenSeadragon

59a - 60a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo