| e-texts navigator |
| Wylie |
59a1 སྣང་ལགས་སོ།། གལ་ཏེ་བདག་མཆིས་ན་བྲེ་བྲག་མ་མཆིས་པའི་བདག་ནི་མཉམ་པ་ཉིད་ལ་གལ་ཏེ་དེ་ལྟར་ན་དེ་ལ་ཁམས་མཆིས་ལགས་སོ།། གལ་ཏེ་ཁམས་མཆིས་ན་གསོད་པ་དང་།
59a2 ཕ་རོལ་ཀྱི་ནོར་རྐུ་བ་དང་། འཁྲིག་པ་ལས་སྩོགས་པ་མྱི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་ཅིའི་སླད་དུ་འཇུག་ལགས། ཆང་འཐུངས་པས་ཅིའི་སླད་དུ་ར་རོ་བར་འགྱུར་ལགས། ཀལ་ཏེ་སེམས་ཅན་ཀི་ཁས
59a3 རྟག་པ་ལགས་ན། དེ་ལྟ་ན་འོན་པ་རྣམས་ཀྱང་རྣ་བ་ཟོས་པར་འགྱུར་བའི་རིགས། ལོང་བ་རྣམས་ཀྱང་མཐོང་བར་འགྱུར་བའི་རིགས། ལྐུགས་པ་རྣམས་ཀྱང་སྨྲ་མཁས་པར་འགྱུར་བའི་རིགས་ལགས་སོ།།
59a4 ཀལ་ཏེ་བདག་སེམས་ཅན་ཀྱི་ཁམས་དེ་རྟག་པ་ལགས་ན། བར་ཀན་དང་། ནུར་ནུར་པོ་དང་། སྔོན་པོ་དང་། སེར་པོའི་ཚོགས་རྣམས་བདག་གི་ནང་ན་གནས་ལགས། བདག་དེ་ཡང་དེ་རྣམས་ཀྱི
59a5 སྐབས་གང་ན་གནས་ལགས།། འོན་ཏེ་རླན་དང་འདྲ་བར་ལ། མས་ཅད་དུ་གནས་ལགས་སམ།། ཀལ་ཏེ་དེ་ལྟ་ན་ནི་མྱོ་ཡུལ་དུ་མཆིས་པའི་རྣ་བ་དང་སྣ་ཅང་ན་བདག་དེའི་ཡང་ཉིང་ལག་ཉས།
59a6 པར་འགྱུར་བའམ། ལག་རྡུམ་དུ་འགྱུར་བའི་རིགས་ལགསོ། བཀའ་སཿལད་པ། རིགས་ཀྱི་བུ་དཔེར་ན། རྒྱལ་པོ་ལ་ལ་ཞིག་ཀྱད་ཀྱི་འཕྲལ་བཱི་སྨིན་མཚམས་སུ་རིན་པོ་ཆེ་རྡོ་རྗེ་བཏགས་པ
59a7 ལས། ཀྱང་དེ་ཀྱང་གཞན་ཞིག་དང་སྟོབས་འགྱེད་དེ།། དེ་གཉིས་ལུག་བཞིན་དུ་འགྱེད་པ་ལས། ཀྱང་ཀ་ཅིག་ཤོས་ཀྱི་མགོ་བོས་བརྡུངས་ཏེ། ཀྱང་དེའི་འཕྲལ་བར་བྱས་ནས། སྦྱིན་མཚམས་ཀྱི་རྒྱན་རིལ་གྱི
59a8 ནང་ཏུ་ནུབ་པར་བྱས་ནས་གྱད་དེས་ཚོར་ཏེ།། བདག་གིས་རྡོ་རྗེ་གང་བཞག་ཞི་ཀུ་སྙམ་སྟེ། དེས་སྨནད་པ་བཀུགས་ནས་མཁ་འཆོས་སུ་བཅུཀ་ཀོ།། སྨན་པ་དེ་ཡང་ཐབས་མཁས་ཤིང་ཡིད་རྣོ་བ་ཞིག་སྟེ། མ
59a9 འདི་ནོར་བུ་དེ་ལས་གྱུརྡ་ཏོ་སྙམ་དུ་ཤེས་ནས། རྡོ་རྗེ་དེ་འབྲལ་བའི་ནང་དུ་ནུབ་ཅིང་འདུག་གོ་སྙམ་སྟེ། དེས་ཀྱང་དེ་ལ་ཀྱེ་མྱི་ཁྱོད་ཀྱི་ནོར་བུ་དེ་དཀར་སོང་ཞེས་དྲིས་པ་དང་། དེས་སྨནད་པ་དེ་ལ་སྨྲས་པ། ཀྱེ་མ