| e-texts navigator |
| Wylie |
58b1 ལུས་རྣམ་པར་དག་པར་བྱ་བའི་ཕྱིར་དགེ་སློང་དག་ཆོས་ཐམས་ཅད་བདག་མྱེད་པར་སྒོམས་ཤིག་དེ་ལྟར་བསྒོམས་དང་། རང་འཛིནད་པ་སྤོང་བར་འགྱུར་རོ།། ངར་འཛིནད་པ་ཡོངས་སུ་སྤངས་ན། མྱ་ངན་ལས
58b2 འདས་པ་ཐོབ་པར་འགྱུར་རོ་ཞེས་བྱ་སྟེ། ཇི་ལྟར་བྱིས་པའི་མས་རང་གི་ནུ་མ་ནིམ་པའི་ལོ་མའི་འདའ་གུས་བསྐུས་པ་དེ་བཞིན་དུ། ངས་ཀྱང་ཆོས་ཐམས་ཅད་བདག་མྱེད་པར་སྟོང་པ་ཉིད་དུ་བསྒོམས་ཤིག་ཅེས་བྱ
58b3 སོ།། ཇི་ལྟར་བྱིས་པའི་མ་དེས་ཕྱིསི་རང་གི་ནུ་མ་བཀྲུས་ཏེ་བུ་ལ་སྨྲས་པ། སྔར་ནི་ཁྱོད་ཀྱི་སྨན་མར་ཞུ་བར་བྱ་བའི་ཕྱོར་ནུ་མ་ནུར་མ་བཅུག་ཀིས། ད་ནི་ནུས་ཤིག་ཅེས་ཟེར་བ་དེ་བཞིན་དུ་ངས་ཀྱང་འཇིག་ཏེ།
58b4 པའི་ཆོས་ལས་བསྒྱུར་བའི་ཕྱིར་དེ་སྐད་ཅེས་བསྟནད་ཏེ། བདག་མྱེད་དོ་ཞེས་བྱས་ནས། ད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོ་ད་དོ་ཞེས་སྟོནད་ཀྱིས། དགེ་སློང་དག་བྱིས་པ་བཞིན་དུ་མ་སྨྲཿ།
58b5 པར་ཇི་ལྟར་བྱིས་པ་དེས་བརྟགས་ནས། ཕྱིར་ཡང་མིའི་སུ་མ་ནུ་བར་བྱེད་པ་དེ་བཞིན་དུ། དགེ་སློང་དག་ཁྱོད་ཀྱིས་ཀྱང་བ། དག་ཅག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་སྙམ་དུ་བ།
58b6 ནས་བསྒོམ་པ་ལ་བརྩོན་པར་གྱིས་ཤིག་དང་ད་བསྟ་ནད་ཏོ།། གསོལ་པ་འདི་ནི་བྱས་མ་ཐག་ཏུ་ཤེས་པ་ཆུང་ལ་ཤེས་པ་མ་མ་ཆིས་པ་ནི་གསལ་བར་འགྱུར་བའི་མྱི་རིགས་ལགས་སོ།།
58b7 གལ་ཏེ་བདག་མཆིས་ན་ནི་ཤེས་པ་དང་གློ་གྲོས་དང་ཡང་ལྡན་པའི་རིགས་ལགས་སོ།། ཀལ་ཏེ་ཤེས་པ་ཞན་པ་ལགས་ན་ནི་གསལ་བར་འགྱུར་བའི་ཡང་མྱ་རིགས་པས་ན། བདག་ནི་བདག་མ་མཆིས་ཤེས་པ
58b8 ཅི་ལགས་སོ།། དེ་ཅིའི་ཕྱིར་ཞེ་ན། བདག་རྟག་པ་ལགས་ན་སྐྱེས་སླན་ཆད་འགུམ་པའི་མྱི་རིགས་ལགས་སོ།། གལ་ཏེ་དེ་བཞིན་གཤེགས་པའི་ཁམས་རྟག་པ་ལགས་ན། ཐ་རད་པའི་བྱེ་བྲག་ཀྱང་དེ།
58b9 ལ་སྣང་སྟེ། བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་། མངས་རིགས་དང་། གདོས་པ་དང་། དུད་འགྲོའོ་སྐྱེ་གནས་སུ་གྱུརྡ་པའི་ལས་ཀྱི་བྱེ་བྲག་རྣམས་སམ། སྐྱེ་བའི་བྱེ་བྲག་ཐ་དད་པ་དག་ཀྱང