e-texts navigator
Collection
Volume
Page
Wylie

58a1 xxx
58a2 ཀིནད་ཏུ་ཆུང་བ་རང་པ་ཞིག་ཡོད་དེ་དེའི་སྐབས་སུ་བུད་མྱེད་དེས་གནང་བ་བཀུག་ནས། སྨནད་པ་དེས་བྱིས་པ་དེ་ཀར་དྲང་སྦྱང་བའི་སྨན་མར་ཐུང་ནས། ངོ་མས་བཟླ་བ་མེ་རྒྱུ་ཀྱིས་སྦེད་མྱུར་མ་སྨྲ་བའི
58a3 དུ་བྱིས་པ་ནུ་མ་མ་ཟུང་ཅིག་བྱས་ནས། བུད་མྱེད་དེས་དེ་དུང་མྱི་གཞུག་པར་བྱ་བའི་ཕྱིར། བདག་གི་ནུ་མ་གཉིས་ནི་ནོམ་པའི་ལོ་མ་བཏགས་པའི་འདའ་གུས་བསྐུས་ནས་རང་གི་བུ་ལ་ཡང་འདི་སྐད་ཅེས་པ
58a4 སྟེ། བུ་ཅིག་ངའི་ནུ་མ་དུག་གིས་བསྐུས་ཀྱིས་བུ་ཅིག་ཁྱོད་མ་དུ་ཅིག་ཅེས་བྱས་སོ།། དེ་ནས་ཁྱེའུ་དེ་སྐོམ་སྟེ་ནུ་མ་ནུའོ་སྙམ་དུ་བསམས་ན་ཡང་། ནུ་མ་ནིམ་པའི་ལོ་མའི་དྲོ་བྲྀ་ནས་དུས་ཏེ།
58a5 ཆོ་ཀའི་མཐར་མ་ཕྱིན་ཀྱི་བར་དུ་རང་སྡོད་དོ། དེ་ནས་ཆོ་ཀ་ཟི། ན་ནས་བུད་མྱེད་དེས་རང་ཀི་ནུ་མ་གཉིས་ཆུས་བཀྲུས་ནས་བུ་དེ། ལ་སྨྲས་པ། ཀྱེ་བུ་ཅིག་ད་ནི་ནུ་མ་ནུས་ཤིག་ཅེས་བྱས་ནས
58a6 ཁྱེའུ་དེས་དུག་ཡོད་སྙམ་སྟེ། ནུར་མ་བཏུབ་ནས་དུ་ཞིང་འདུག་སྟེ། ལྟ་བར་མྱི་ལྟའོ།། དེ་ནས་ཡང་སྨྲས་པ། སྔར་ནི་ཁྱོད་ཀྱི་སྨན་མར་དེ་མ་ཞུ་བ་ལ་ཐོགས་ཏེ། ནུ་མ་ནུར་མྱི་གཞུག་པའི
58a7 ཕྱི་རེ་ངས་ནུ་མ་གཉིས་ནིམ་པའི་ལོ་མའི་འདའ་གུས་བསྐུས་ཏེ་ཁྱོད་ལ་གནོད་པར་འགྱུར་ཞིང་ཤིར་དོགས་ནས། ནུར་མ་བཅུག་པ་ཡིན་གྱིས། ད་ནི་ནུ་ཤིག་ཅེས་བྱ་བ་ནས་ནུར་བཅུག་སྟེ། དེས་ཀྱང་དལ་བར་མནྟ།
58a8 སོ།། རིགས་ཀྱི་བུ་ངས་ཀྱང་སྔར་ནི་འདུག་པར་བྱ་བའི་དབང་ཀས། བྱིས་པའི་སྨན་མར་ཞུ་བ་བཞིན་དུ། དགེ་སློང་རྣམས་ཀྱི་འཇིག་རྟེན་པའི་ལྟ་བ་གཞོམ་པར་བྱ་བའི་ཕྱིར་དང་། འཇིག་རྟེན་ལས་འདས་པའི
58a9 ཆེ་བ་ཉིད་ཡང་དག་པར་བསྟནད་པའི་ཆེ་བ་ཉིད་ཡང་དག་པར་བསྟནད་པའི་ཕྱིར་དང་། འཇིག་རྟེན་པའི་བདག་གི་དེ་ཁོ་ན་ཉིད་བརྫུན་པར་ཡང་དག་པར་བསྟནད་པའི་ཕྱིར་དང་། བདག་མྱེད་པ་བསྒོམས་པས།




iiif viewer powered by OpenSeadragon

57'b - 58b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo