e-texts navigator
Collection
Volume
Page
Wylie

57b1 མྱོང་བ་འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་ཞེས་བྱའོ།། གཞི་གསུམ་རྣམ་པར་བསྒོམ་པ་བསྒྲུབས་པའི་ཕྱིར། མྱི་རྟག་པ་བསྒོམ་པ་གང་ཡིན་པ་དེ་དག་ནི་མྱི་བདེན་པ་བསྒོམ་པ་ལ་སྐོམ
57b2 བ་ཡིན་ནོ།། དེ་ལྟར་རྟག་པར་བསྒོམ་པ་གང་ཡིན་པ་དེ་དག་ནི་ངའི་ཉན་ཐོས་ཡིན་ཏེ།། འཕགས་པའི་བདེན་པ་བཞི་ཤེས་པ་ཞེས་པ་ཟེར་རོ།། འདི་རྣམས་ནི་འཕགས་པའི་བདེན་པ་བཞི་ཡིན་པར
57b3 རིག་པར་བྱའོ།། གསོལྡ་པ། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་ལམ་འདིའི་ཚུལ་གྱིས་བསྒོམས་པར་བགྱི་བ་བདག་གིས་ད་གཟོད་རྟོགས་ལགས་སོ།། བཀའ་སཿལད་པ། སྟུཿ
57b4 བསྔལ་ལ་བདེ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། པ་དེ་བ་ལ་སྟུག་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། དེ་ལ་དེ་བཞིན་གཤེགས་པ་མྱི་རྟག་ཅེས་བྱ་བ་དེ་ནི་སྡིག་པ་དང་སྡུག་བསྔ
57b5 ཡིན་ནོ།། དེ་བཞིན་གཤེགས་པ་བུད་ཤིང་ཟད་པའི་མྱེ་བཞིན་དུ།། ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་དེ་ནི་སྡིག་པ་དང་སྡུག། བསྔལ་ཡིན་ནོ།། སྡུག་བསྔལ་མ་ཡིན་ཞེས་བདག་ཉིད་སྐོམ
57b6 བར་བྱེད་པ་དང་། དེ་བཞིན་གཤེགས་པ་མྱི་རྟག་གོ་ཞེས་བྱ་བ་འདི་ནི་ཕྱིན་ཅི་ལོག་ཡིན་ནོ།། བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ཏེ། དེ་བཞིན་གཤེགས་པ་རྟག་གོ་ཞེས
57b7 བསྒོམས་ནས་གང་ཟག་ཏུ་ལྟ་བར་གྱུར་ད་དུ་འོང་པོ་སྙམ་ནས་བསྒོམས་པ་འདི་ལྟ་སྡུག་བསྔལ་བའོ་སྙམ་པ་ནི་བདེ་བར་འདུ་ཤེས་པ་རྣམས་ཀྱི་ཕྱིན་ཅི་ལོག་ཡིན་ཏེ།། འདི་ནི་ཕྱིན་ཅི་ལོག་དང་པོའོ།། མྱི་རྟག་པ་ལ་རྟ།
57b8 པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། རྟག་པ་ལ་མྱི་རྟག་པར་འདུ་ཤེས་པ་ནི་ཕྱིན་མི་ལོག་ཡིན་ནོ།། དེ་ལ་རྟེན་ཏུ་སྟོང་པ་ཉིད་བསྒོམས་ན་མྱི་ཚེ་ཐུང་བར་འགྱུར་རོ་སྙམ་ནས།། དེའི་ཕྱིར་མྱི་རྟག་པ་ཉིད་ལ་སྟོང་པ
57b9 མ་ཡིན་པར་བསྒོམས་ན། བསྒོམ་པ་དེའི་འབྲས་བུས་ཚེ་རིང་བར་འགྱུར་རོ་སྙམ་པ་དེ་ཡང་ཕྱིན་ཅི་ལོག་ཡིན་ཏེ། འདི་ནི་ཕྱིན་ཅི་ལོག་གཉིས་པའོ།། བདག་མྱེད་པ་ལ་བདག་ཏུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།།




iiif viewer powered by OpenSeadragon

57a - 57'a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo