| e-texts navigator |
| Wylie |
57a1 ཁྱོད་ཀྱིས་མཐོང་བར་འགྱུར་རོ།། གང་གི་ཚེ་སེམས་གཅིག་པ་སྐྱེད་པའི་ལས་ཀྱིས་འབྲས་བུ་བདག་གིས་ཆོས་ཀྱི་དབང་ཕྱུག་རྟག་པ་དང་། བདེ་བ་ཐོབ་པོ་སྙམ་དུ་ཁྱེད་ཀྱིས་ཤེས་པར་གྱུརྡ་པ
57a2 དེ་ནི་སྡུག་བསྔལ་འགོག་པ་བསྒོམ་པར་བྱ་བ་ལ་བསྒོམ་པ་ཡིན་ནོ།། དེ་བཞིན་གཤེགས་པའི་སྙིང་པོ་བདག་མྱེད་པར་བསྒོམས་ཤིང་། གཏན་ཏུ་སྟོང་པ་ཉིད་བསྒོམས་པས་ནི་སྡུག་བསྔལ་རྣམས་མ་འགགས་པ།
57a3 ཕྱེ་མ་ལེབ་མར་མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ།། དེ་ལྟར་མ་ཡིན་པར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྒོམས་པའི་སེམས་ཅན་རྣམས་ནི།། ཉོན་མོངས་པ་རྣམས་ཡོད་བཞིན་དུ་ཉོན་མོངས་པ།
57a4 རྣམས་འགོག་པར་བྱེད་དོ།། དེ་ནིའི་ཕྱིར་ཞེ་ན། དེ་བཞིན་ན། ཤེགས་པའི་རྐྱེནད་ཀྱིས་ཕྱིར་ཏེ། དེ་ཤེས་པས་ནི་ཡང་དག་པརརྫོགས་པའི་སངས་རྒྱས་ཀྱི་བཀའ་ལས་སྡུག་བསྔལ་འགོག
57a5 པའི་ཚིག་བདེན་པ་ཞེས་བྱའོ།། གཞན་ནི་བསྒོམ་པ་མ་ཡིན། བ་ལ་བསྒོམ་པ་མ་ཡིན་པ་ལ་བསྒོམ་པའོ།། འདི་ནི་སྡུག་པ་སྔལ་འགོག་པར་འགྱུར་བའི་ལམ་ཞེས་བྱ་བ་ནི་དེ་བཞིན
57a6 གཤེགས་པ་དང་ཆོས་དང་། དགེའ་འདུན་དང་། ཐ་རད་པ་རྣམ་ས་ཏེ་འདི་ལྟར་དེ་རྣམས་ལ་ཕྱིན་ཅི་ལོག་བཞིས་ཕྱིན་ཅི་ལོག་ཏུ་གྱུར་དེ་པའི་དངོས་པོ་ན་ཐེ་དད་པའོ།། ཐ་རད་པ་ལ་ཡང་ཅི་ཡང་མྱེད
57a7 དོ་སྙམ་པ་དེ་ནི་འདི་ལྟར་སྒྱུ་མར་འདུག་སྟེ། འཁོར་བའི་སྡུག་བསྔལ་གྱི་ནང་དུ་ཡོངས་སུ་འཁྱམ་པ་ཡིན་ལ། སྒོམ་ཉེས་པ་དེའི་འབྲས་བུས་ན། ཡུན་རིང་པོས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ།།
57a8 ད་ནི་བདག་ཉིད་ཀྱིས་དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་འདུན་དང་། ཐདད་པ་རྣམས་རྟག་པ་དང་། བརྟན་པ་དང་། ཟེར་ཟུག་པ་དང་འཇིག་པར་མྱི་འགྱུར་བར་སེམས་ཅིག་བསྐྱེད་པའི་འབྲས་བུ་དང
57a9 ཕྱུག་རྟག་པའི་འབྲས་བུ་ཐོབ་པོ།། ཕྱིན་ཅི་ལོག་བཞི་པོ་སྡུག་བསྔལ་བ་དང་། བདག་མྱེད་པ་དང་། མྱི་ཀ་ཙང་བ་རྣམས་ཆོས་མ་ཡིན་པ་ལ་ཆོས་ཡིན་ནོ་སྙམ་དུ་འཛིནད་པས་ན། ལྟ་བ་དེའི་འབྲས་བུ