| e-texts navigator |
| Wylie |
56b1 ཀྱིས་རྟོགས་པར་འགྱུར་ཏེ།། དེ་བཞིན་གཤེགས་པ་རྟག་ཅེས་བྱ་བ་ཐོབ་པ་ཙམ་གྱི་རྒྱུ་དེས་ན། བདག་འདིར་འོངས་སོ།། དེ་བཞིན་གཤེགས་པ་རྟག་པར་མ་ཤེས་ཀྱི་བ.རུ་དུ་དེ་ནི་ཡུན་དེ་སྲིད་ཀྱི་བར་དུ་བདག་སྡུག
56b2 བསྔལ་རྣམས་ཀྱི་ནང་དུ་འཁོར་ཏོ།། ད་ནི་སྡུག་བསྔལ་ཤེས་སོ་ཞེས་བྱ་བ་འདི་ནི་བདེན་པ་ཡིན་ནོ།། གཞན་དག་གིས་སྡུག་བསྔལ་བསྒོམ་པ་ནི་དོན་མྱེད་པའོ།། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ་ཞེས་བྱ།
56b3 བ་ནི་ཆོས་ཀྱི་དེ་ཁོ་ཉིད་མ་ཤེས་ནས་ཆོས་ལས་དགོངས་པའི་ཕྱིར་བྲན་དང་བྲན་མོ་ལ་སྩོགས་པ་རྫས་ངན་པ་དུ་མ་ལེན་པར་བྱེད་ཅིང་། ཆོས་མ་ཡིན་པ་ལ་ཆོས་ཡིན་ནོ་སྙམ་དུ་འཛིནད་ཏེ། དམ་པའི་ཆོས་ནུབ་པར་བྱེད་ནི
56b4 དམ་པའི་ཆོས་མྱི་སྣང་བར་བྱེད་པར་འགྱུར་ཏེ། དམ་པའི་ཆོས་གནས་པར་བྱ་བའི་ཐབས་ཀྱི་ཤེས་པས་འདི་ལྟར་འཛིནད་ཏེ། དམ་པའི་ཆོས་འཇིག་པར་འགྱུར་ཞེས་བྱ་བ་མྱེད་དོ་སྙམ་ནས། དེའི
56b5 འབྲས་བུས་འཁོར་བའི་སྡུག་བསྔལ་རྣམས་ཀྱི་ནང་དུ་ཡོངས།། སུ་འཁྱམ་མོ།། དེ་ནས་མཐོའ་རིས་དང་ཐརྡ་པ་ཐོབ་པའི་སྐུ།། ཀ་བསྔལ་ཀུན་འབྱུང་བའི་དེ་ཁོ་ན་ཉིད་བདག་ཀསེ་མ་ཤེས་པས
56b6 དམ་པའི་ཆོས་འཇིག་པའི་རྒྱུར་གྱུར་ཏེ། ཉེས་པར་སྨྲས་པ་འི་ཚིགེ་གིས་ཡུན་འདི་སྲིད་ཀྱི་བར་དུ་ཉོན་མོངས་པར་གྱུར་ད་ཏོ་སྙམ་དུ་ཤེས་པ་འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཤེས་པ་ཞེས་བརྗོད
56b7 པར་བྱའོ།། གཞན་དག་གིས་ནི་དེ་ལྟ་མ་ཡིན་ནོ།། འདི་ནི་སྡུག་བསྔལ་འགོག་པ་ཞེས་བྱ་བ་ལ། སྟོང་པ་ཉིད་སྒོམ་པ་ནི། གཏན་དུ་སྟོང་པ་ཉིད་སྒོམ་པ་ཐམས་ཅད་ཟད་པ། དེ་བཞིན་གཤེགས་པའི་སྙིང་པོ
56b8 བྱེད་པར་བྱེད་པ་དེ་ལྟ་མ་ཡིན་ཏེ། སྡུག་བསྔལ་འགོག་པ་བསྒོམ་པ་ནི་ཡེ་མཚན་ཅན་ཐམས་ཅད་ལ་ཡང་དོན་དང་འགལ་བའི་སྤྱོད་པ་ཉིད་ཡོད་དེ། དེ་རྣམས་ཀྱི་ཡང་སྡུག་བསྔལ་འགོག་པ་ཞེས་བྱ་བར
56b9 འགྱུར་རོ།། སེམས་ཅན་ཐམས་ཅད་ལ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ།། དེ་ནི་གསལ་བར་མྱི་གདོན་ནོ།། གང་གི་ཚེ་ཉོན་མོངས་པ་ཟད་པ་དེའི་ཚེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ