e-texts navigator
Collection
Volume
Page
Wylie

56a1 པ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྤྲས་པའི་མདོ་སྡེ་དང་འདུས་པ་ཚད་མམྱོ་གང་ཡིན་པ་དེ་དག་ནི་བདུད་དང་འཐུན་པར་བྱེད་པ་ཡིན་པར་རིག་པན
56a2 བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་པ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུ་འདི་ནི་ངེས་བདུད་ཀྱིས་སྨྲས་པ་དང་།
56a3 སངས་རྒྱས་ཀྱིས་གསུངས་པའི་བྱེ་བྲག་རྒྱས་པར་བསྟནད་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་བདག་ནི་དེར་གདོད་སངས་རྒྱས་ཀྱིས་བཀའ་ལ་ཞུགས་ལགས་སོ།། བཀའ་སཿཡད་པ། རིགས
56a4 ཀྱི་བུ་ལེག་སོ་སེས་སོ།། རིགས་ཀྱི་བུ་ཁྱོད་ལེགས་ཏེ་མཁས་པས་ནི་དེ་ལྟར་བྱ་དགོས་སོ།། ཡང་བཀའ་སཿལད་པ། རིགས་ཀྱི་བུ་འདི་ནི་སྡུག་བསྔལ་ལ་ཞེས་བྱ་བ་ནི་འཕགས་པའ་རྣམས
56a5 ཀྱི་བདེན་པ་ཞེས་མྱི་བྱ་སྟེ། སྡུག་བསྔལ་དེ་ཡང་གང་ཞེ་ན། སྡུག་བསྔལ་ཞེས་བྱ་བ་ནི་བ་ལང་དང་བོང་བུ་ལས་སྩོགས་པ་དང་། སེམས་ཅན་དམྱལ་བ་པ་རྣམས་ལ་ཡང་ཡོད་དོ།།
56a6 གལ་ཏེ་སྡུག་བསྔལ་དེ་བདེན་པ་ཡ་ན་དུ་ཟིན་ན།། དེ་རྣམས་ཀྱི་ཡང་བདེན་པ་ཡིན་པར་འགྱུར་རོ།། སྡུག་བསྔལ་ཞེས་བྱ་བ་འདི་ནི། ཀྱེ་མ་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ནི། དེ་བཞིན
56a7 གཤེགས་པ་རྟག་པའོ།། ཆོས་ཀྱི་སྐུ་ཡིན་ཏེ་ཤའི་སྐུ་མ་ཡིན་ནོ་ཞེས་དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཤེས་པ་ནི་སྡུག་བསྔལ་ཤེས་པའོ།། དེ་མ་ཐོས་ཀྱི་བར་དུ་སེམས་ཅན་རྣམས་ཀྱིས་ཆོས་མ་ཡིན་པ་ལ་ཆོས
56a8 ཡོན་ནོ་སྙམ་དུ་ཡོངས་སུ་བརྟགས་ནས་འཁོར་བའི་འཁོར་ལོ་ཤནི་ཏུ་སྡུག་བསྔལ་བཱི་ཀནྡ་སུ་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་ནས། ངན་འགྲོར་འགྲོ་བར་འགྱུར་རོ།། གང་གི་ཚེ་དེ་བཞིན་གཤེགས
56a9 པ་རྟག་པར་ཤེས་པ་དེའི་ཚེ་ནི་ཡིག་འབྲུ་གཉིས་པོ་རྔ་ལྟ་བུར་ཐོས་ཀྱང་རུང་སྟེ། བདེ་འགྲོར་འགྲོ་བར་འགྱུར་རོ།། དེ་ནས་ཐ་རད་པ་ཡང་ཐོབ་པར་འགྱུར་རོ།། དེས་ན་འདི་ནི་རྫུ་འཕྲུལ་གྱི་བདེན་པ་ཡིན་ནོ་སྙམ་དུ་རང




iiif viewer powered by OpenSeadragon

55b - 56b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo