| e-texts navigator |
| Wylie |
55b1 རིག་པར་བྱའོ།། དཔའ་བོའི་འདུག་སྟངས་དང་། གྱི་སྨྲ་བར་འདུག་པ་དང་། གཡང་སའི་མཐོང་བ་དང་། དུག་ཟ་པ་དང་། སྨྱུང་བར་འདུག་པ་དང་། བདག་ཉིད་འཆིང་བར་བྱེད་པ་དང་། བདག་ཉིད་གསོད་པར།
55b2 བྱེད་པ་དང་། ཞེ་ནོམ་བྱེད་དུ་འཇུག་པ་དང་། རིག་སྔགས་དང་། གསང་སྔགས་ཐོག་པ་དང་། སྙན་པའི་ལས་བྱེད་པར་བཅོམ་ལྡན་འདས་ཀྱིས་གནང་ངོ་།། གདོལ་པའི་བུ་དང་མ་ནི་དང་མཚན་གཉིས་པ
55b3 ཡན་ལག་ཉམས་པ་ཐམས་ཅད་རབ་ཏུ་འབྱུང་བར་བཅོམ་ལྡན་འདས་ཀྱིས་གནང་ངོ་།། དེ་བཞིན་གཤེགས་པས་ནི་བོའི་བཅུད་རྣམ་ལྔ་དང་། སཱང་ཅི་དང་འབྲུ་མར་ལས་སྩོགས་པ་དང་། ཟ་བ་དང་རུང་དང་།
55b4 ལཱམ་དང་། འབྲུ་མ་ལས་སོགས་པ་སྤངས་ཤིང་། ངོ་ཆོ་ལ་སྲོད་དང་འདུ་ཤེས་ཡོད་པར་གཟིགས་ནས་ཡོངས་སུ་མྱ་ངན་ལ་ས་འདས་སོ།། ཞེས་ཟེར་བ་དེ་ལྟ་བུ་ནི་བདུད་ཀྱིས་སྨྲས་པའི
55b5 མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱ་སྟེ། དཔའ་བོའི་འདུག་སྟངས་ཀྱིས་གནས་པ་དང་འཆག་པ་ལས་སྩོགས་པ་ཆོ། ས་ཀྱི་བྱ་བ་རྣམས་མ་རྟོགས་སོ།། དུག་ཟ་བ་དང་མྱེར་མཆོ
55b6 པ་དང་། སྤྱང་བར་འདུག་པ་དང་གཡང་སར་འཚོང་བ་དང་། བདག་ཉིད་འཆིང་བར་བྱེད་པ་དང་། བདག་ཉིད་གསོད་པར་བྱེད་པ་དེ་པ། ཞེ་ནོམ་བྱེད་དུ་འཇུག་པ་དང་། རིགས་སྔགས་དང་གསང
55b7 སྔགས་ཟློས་པ་དང་། སྐྲུནད་པའི་ལས་བྱེད་པ་རྣམས་ནི་ངས་མ་གནང་ངོ་།། བའི་བཅུད་རྣམ་ལྔ་དང་། སྦྲང་ཞི་དང་འབྲུ་མར་ལས་སྩོགས་པ་དང་། བབ་དང་དང་དུང་དང་ལྷམ་འབྲུ་མར་ལས་སྩོགས་པ
55b8 ལ་གའི་འདུ་ཤེས་མྱེད་པ་དང་། ཤིང་ཐམས་ཅད་ལ་སྲོག་མྱེད་པའི་འདུ་ཤེས་དང་། སེམས་དཔའ་མྱེད་པའི་འདུ་ཤེས་མྱེད་པར་ངས་གནང་ངོ་།། གཞན་དུ་ལྟ་བ་གང་ཡིན་པ་དེ་དག་ནི་མུ་སྟེགས་ཅན་གྱི
55b9 ཉན་ཐོས་ཡིན་ནོ།། ངའི་བཅཝ་བཞིན་དུ་བྱེད་པ་གང་ཡིན་པ་དེ་དག་ནི་དེའི་ཉན་ཐོས་ཡིན་ཞེས་པ་ཟེར་རོ།། ཁམས་བཞི་ལ་ནི་སྲོག་དང་འདུ་ཤེས་ཡོད་ཅེས་ང་མྱི་ཟེར་རོ་ཞེས་ངཟེར་བ་དེ་ལྟ་བུའི་མཛེའ་སྡེ