e-texts navigator
Collection
Volume
Page
Wylie

55a1 གང་གི་ཚེ་བུད་མྱེད་ཀྱི་འདོད་ཆགས་སྐྱེས་པ་དེའི་ཚེན་སྐྱེས་པ་དང་འདོད་པ་སྤྱོད་པར་བྱེད་དོ།། དེ་བས་ན་མཚན་གཉིས་པ་ཞེས་བྱ་བ་སྟེ། དེ་དང་ཡང་བསྟེནད་པར་མྱི་བྱའོ།། དེ་ལྟར་དེ
55a2 བུ་དག་དང་ཡང་བསྟེནད་པར་མྱི་བྱ་ན། བསླབ་པའི་གཞི་ལྔའི་ཉེས་པ་བྱེད་པ་དེ་དག་ལྟ་ལ་བསྟེན་ཏུ་ག་ལ་རུང་།། བམ་པོ་དགུ་པའོ།།
55a3 དགེ་སློང་རྣམས་ཀྱིས་ནི་ཐོག་མར་དགེ་སྦྱོང་གི་ཆོས་ཀྱིས་སྲོག་སྦུར་རྣམས་ལ་ཡང་སྙིང་རྗེ་བྱའོ།། དགེ་སྦྱོང་གི་ཆོས་ཀྱིས་ཆང་ཀི་ཏྲི་བྲོ་བའི་བཏུང་བ་ཡང་སྤང་བར་བྱའོ།། དགེ་སྦྱོང་གི་ཆོས་ཀྱིས་རྨི་ལམ
55a4 དུ་ཡང་བརྫུན་ཏུ་སྨྲ་བའི་སེམས་བསྐྱེད་པར་མྱི་བྱའོ།། ད་དགེ་སྦྱོང་གི་ཆོས་ཀྱིས་རྨྱི་ལམ་དུ་ཡང་བུད་མྱེད་དང་འཕྲད་པའི་སེམ་རྫས་བསྐྱེད་པར་མྱི་བྱའོ།། གསོལ་པ་ཅི་ལགས་རྨི་ལམ་དུ
55a5 མྱེད་དང་འཕྲད་པར་གྱུར་ན། མྱི་ཚངས་པར་སྤྱོད་པའི་ནོངས་པར་འགྱུར་ལགས་སམ། བཀའ་སཿལད་པ། མྱི་འགྱུར་ཏེ།། ཀལ་ཏེ་བློ་གྲོས་དང་དྲན་པ་དང་ལྡན་པ། འདོད་པ་དྲིང་བ་དག
55a6 ལ་མྱི་ཚངས་པར་སྤྱད་པའི་སེམས་མྱི་སྐྱེད་ན། དེ་ནི་ཉོན་མོ་དེ་ས་པ་དང་བུད་མྱེད་ཀྱི་གཏམ་སྤང་བས། རྟོག་པས་ཡང་དག་པར་ཆད་པའི་ཕྱིར་སེམས་བསྐྱེད་མྱི་སྲིད་དོ།། མྱི་ལམ་དུ་འཕྲད
55a7 པར་གྱུར་ད་ན་ཡང་ནང་པར་སད་ན། མུ་གེ་བྱུང་བའི་ཚེ་དགེ་སྦྱོང་གིས་རང་གི་བུའིགེའི་ཟས་ཟོས་པ་བཞིན་དུ་འགྱོད་པར་འགྱུར་ན། དེ་ལ་གཙང་ངོ་སྙམ་པའི་བློ་ལྟ་ག་ལ་འབྱུང་།། གལ་ཏེ་སེམས་བསྐྱེད་ན་ཡང
55a8 ཕྱིར་གཞིལ་བར་བྱའོ་ཞེས་ཟེར་བ་དེ་ལྟ་བུའི་ཆོས་ཀྱི་སྒོ་ནི་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པཱི་མས་ཅན
55a9 གང་ཡིན་པ་དེ་དག་ནི་བདུད་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར




iiif viewer powered by OpenSeadragon

54b - 55b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo