| e-texts navigator |
| Wylie |
54b1 ལྟ་བུ་ནི་དབ་པའི་ཆོས་ཀྱི་རྟོག་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཡིན་ཏེ། མྱིའི་ཆོས་ལས་བླ་མར་གྱུར་པའི་ངེས་པ་བྱུང་བ་མ་ཡིན་ནོ་ཞེས་པཟེར་རོ།། ཉེས་བྱས་ཀྱི་ཉེས་པ་བྱུང་བས་ཀྱང་སུམ་བཅུ་རྩ།
54b2 གསུམ་པའི་ལྷ་རྣམས་ཀྱི་ལོ་གྲངས་པས་ཀྱང་ལྷག་པར་ལོ་བརྒྱད་ཁྲིའི་བར་དུ་སེམས་ཅན་དམྱལ་བའང་འཚེད་པར་འགྱུརབར། ཉེས་པ་སྦོམ་པོ་ལྟ་ཅི་སྨོས་ཏེ། ཐེག་པ་ཆེན་པོ་འདི་ལ་ནི་ཉེས་པ་སྦོམ་པོའི་ཉེས་པ་བྱ།
54b3 བ་དང་བསྟེནད་པར་མྱི་བྱའོ།། ཉེས་པ་སྦོམ་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་མཆོད་རྟེན་སྲུང་བའི་ཕྱིར། གཞན་གྱིས་ཡོངས་སུ་བཟུང་བ་ལ་མྱེ་ཏོག་གི་འཕྲེང་བར་བཏགས་པ་དེ་སྙིངས་ནས། སྲད་བུ་དགོད
54b4 པའི་ཕྱིར་ལེནད་པར་བྱེད་དེ། དགེ་སློང་རྣམས་ལ་མཛེས་ནས་དགེ་སློང་རྣམས་ལ་མ་དྲིས་པར་དགེ་སློང་ཀྱིས་བླངས་ནས། ཉེས་པ་སྦོམ་པོའི་ཉེས་པ་ཅན་དུ་འགྱུར་རོ།། གལ་ཏེ་འདི་ལྟ་ཞིག་གིས
54b5 ཅད་ཡང་མྱི་འགྱུར་རོ་སྙམ་དུ་འཛིནད་ཏོ།། ལེན་པ་མྱེད་ན་དེ།། ལྟ་བུ་དག་ཀྱང་བསྟེནད་པར་མྱི་བྱའོ།། བརྐུ་བའི་སེམས་ཀྱིས།། མཆོད་རྟེན་བཤི་གས་ན་ཡང་ཉེས་པ་སྤོས་པོའི་ཉེས་པ་ཅན་དུ་འགྱུར།
54b6 ཏེ། དེ་ལྟ་བུ་དག་དང་བསྟེནད་པར་མྱི་བྱའོ།། འདི་ན་ཁྱིམ་དེ་དག་ཀམ་བློན་པོ་ལ་ལ་ཞིག་གིས། ཀལ་ཏེ་ཆོས་ཀྱི་བསམ་པས་སྐུ་གདུང་ལ་བཀུར་སྟི་བྱས་པའམ། ཕ་ཁུ་རྐོས་པའི་མཆོད་རྟེན་ནི།
54b7 པ་བཤིག་སྟེ། བླངས་ནས་ཁྱིམ་བདག་ཀམ་བློན་པོ་དེས་མཆོད་རྟེན་དེ་ལས་གསེར་དངུལ་ཞིག་བྱུང་ན། དེ་དགེ་སློང་འགའ་ཞིག་གི་ལག་ཏུ་བཏད་པ་ལས། དགེ་སློང་དེས་དེ་བླངས་ཏེ་བདག་གི་ནོར་བུ་བྱས་ལ
54b8 ཅོད་པར་བྱེད་ན། དགེ་སློང་དེ་ནི་ལེགས་པ་མ་ཡིན་ནོ།། དགེ་བསྙེན་དེ་དག་ནི་ཆོས་ལ་གནས་པ་ཡིན་ནོ།། དགེ་སློང་དེ་ནི་ཡིད་བསྟནད་དུ་མྱི་རུང་སྟེ། བསྟེ་ནད་པར་མྱི་བྱའོ།། མ་ནིང་ཡིན་པར་ཤེས་པར་བྱའོ།།
54b9 མཚན་གཉིས་པ་ཡིན་པར་ཤེས་པར་བྱའོ།། མཚན་གཉིས་པ་ཞེས་བྱ་བ་ནི་གང་ལ་མཚན་གཉིས་ཡོད་པ་སྟེ། ཀང་གི་ཚེ་སྐྱེས་པའི་འདོད་ཆགས་སྐྱེས་དེའི་ཚེ་ནི། བུད་མྱེད་དང་འདོད་པ་སྤྱོད་པར་འདོད་ལ།།