| e-texts navigator |
| Wylie |
54a1 སྲུང་བྱེད་རྣམས་འཆ་ལ། ས་སུ་ཡ་ང་སྟན་སར་པའི་གླི་ན་འདུན་པ་དང་། སྐྱེ་བ་དག་གིས་བདག་དགེ་སློང་བཟུང་པོ་དག་སློང་དག་ཐུབ་ཅན་ཡིན་ན་ཞེས་འརྗོད་པར་འགྱུར་བར་རྒྱའོ།། འོན་ཏང་བང་།
54a2 འཁོར་དང་སློབ་མ་དག་དང་ལྡན་པར་འགྱུར་རོ།། དེ་ནས་སྡེ་ཚན་བཙས་དང་། བཟའ་བ་དང་བཅའ་བ་དང་། བལྡག་པ་དང་བཏུང་བའི་ཡོ་བྱད་རྣམས་རྙེད་པར་འགྱུར་རོ།། བུད་མྱེད་རྣམས་ཀྱིས་ཀྱང་བཀུར་བར་འགྱུར་རོ་སྙམ
54a3 པའི་སེམས་ཀྱི་རྟོག་པས་ནང་མྱི་དང་གཡོག་འཁོར་རྣམས་ལ་ཤེས་པ་མྱེད་དོ།། དེ་ལྟ་བུར་འཆབ་པའི་དགེ་སློང་ངམ། དགེ་སློང་མ་ནི་མྱའི་ཆོས་བླ་མར་གྱུརྡ་པའི་ཉེས་པ་འབྱུང་བ་སྣོ་སྲིང་ཟེར་རོ།། གཞན་ཡང་འདི
54a4 ན་དགེ་སློང་ལ་ལ་དམ་པའི་ཆོས་འབྱུང་བར་བྱའོ་སྙམ་པའི་སེམས་ཀྱིས་མལ་ཆ་དང་སྟན་སར་པ་ལ་འདུག་ཅིང་། སྐྱེ་བོ་ཐམས་ཅད་ཀྱིས་ཀྱེ་མ་དགེ་སློང་འདི་ནི། དགེ་བ་བཟང་པོ་ཞག་གོ་སྙམ་དུ་བདག་དཀྲ
54a5 བཅོམ་པ་མ་ཡིན་པར་དགྲ་བཅོམ་པ་དང་འདྲ་བར་ཤེས་པར་བྱའོ།། བདག་དེ་ལྟ་བུ་ཡིན་པར་ཤེས་ཏང་དགེ་སློང་མང་པོ་དག་བདག་གིའ་། ཞོར་དུ་འགྱུར་ལ། འདི་ལས་ཕྱི་རོལ་པ་དག་ཀྱང་དགེ་བསྙེན་དུ
54a6 འགྱུར་རོ།། ཚུལ་ཁྲིམས་འཆལ་པ་རྣམས་ཀྱང་ཞུམ་པར་འགྱུར་རོ།། དེ་ནས་བདག་གིས་དམ་པའི་ཆོས་ཀྱང་འབྱུང་བར་བྱའོ། དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཀྱང་བསྟནད་པར་བྱའོ།།
54a7 ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམས་ཀྱང་བསྒྲགས་པར་བྱའོ།། སེམས་ཅན་ཐམས་ཅད་ཀྱང་ངེས་པར་བསྐལ་བར་བྱའོ།། འདུལ་བ་དང་འདུལ་བ་མ་ཡིན་པའི་བྱེ་བྲག་ཀྱང་བྱེད་པར་བྱའོ།། དེ་དག་ལ་སངས་རྒྱས་སུ
54a8 འགྱུར་བའི་ས་བོན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཡོད་དེ།། བདག་གིས་སངས་རྒྱས་ཐོབ་པར་འགྱུར་རོ།། བདག་གིས་ཉོན་མོངས་པའི་རྣམ་པ་རྣམས་རྣམ་པར་གཞོམ་པར་བྱའོ།། དགེ་བསྙེན་ཁྱེད་རྣཾས
54a9 ལ་ཡང་སངས་རྒྱས་ཀྱི་ཁམས་ཡོད་དེ།། བདག་ཅག་ཀུན་ཀྱང་སངས་རྒྱས་སུ་འགྱུར་ཞིང་། དེ་བཞིན་གཤེགས་པའི་ས་ཐོབ་པར་འགྱུར་རོ།། ཉོན་མོངས་པའི་རྣམ་པ་རྣམས་ཟད་པར་བྱའོ་སྙམ་དུ་སེམས་པ་དེ