| e-texts navigator |
| Wylie |
53b1 ཡིད་ནོ།། གཅིག་ཤོས་ནི་མྱོའོ་ཆོས་ལས་བླ་མར་གྱུ་རད་པའི་ཉེས་པ་བྱུང་པོ་ཞེས་ཟེར་རོ།། ངས་དེ་སྐད་ཅེས་བསྟན་པའི་ཕྱིར། འདི་སྐད་ཅེས་ཟེར་ཏེ། བཅོམ་ལྡན་འདས་ཀྱིས་དག་པའི་ཆོས་ཐོབ་པར
53b2 འགྱུར་བའི་ཕྱིར། སངས་རྒྱས་ཀྱི་ས་ནས་གཟིགས་པས་ན། བདག་ཀྱང་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་ཟེར་བ་གང་ཡིན་པ་དེ་མྱིའི་ཆོས་ལས་བླ་མའི་ཉེས་པར་འགྱུར་རམ་ཞེ་ན། མྱེའི་ཆོས
53b3 ལས་ཟླ་ཡར་འགྱུར་བའི་ཉེས་པར་མྱི་འགྱུར་ཏེ། དེ་ནི་རིམ་གྱིས་སངས་རྒྱས་སུ་འགྱུར་རོ་ཞེས་ང་ཟེར་རོ།། དེ་ལྟར་ན་སངས་རྒྱས་ཀྱི་གསུང་ནི་ཆ་འཕྲ་ཞིང་ཟབ་པ་ཡིན་ནོ།། གསོལ་པ། འདི་ན་རྒྱལ
53b4 པོ་ལ་ལ་ཞིག་འདི་སྐད་ཅེས་མཆི་སྟེ། ཇི་ལྟར་ན་དགེ་སློང་མྱི་ཆོས་ལས་བླ་མར་གྱུརྡ་པའི་ཉེས་པ་བྱུང་བ་ཞེས་མཆི་བ་ལན་དཀ་དག་འཚལ་ལགས་སོ།། བཀའ་སཿལད་པ། འདི་ནི་དགེ
53b5 སློང་རྙེད་པ་དང་བཀུར་བསྟིའི་ཕྱིར་རམ། ཟང་ཟིང་གི་ཕྱིར་ཚུ། ལ་འཆོས་པ་དང་། ཁ་གསཀ་བྱེད་པ་ཡོད་དེ་ཇི་ལྟར་བྱས་ན་བད་ག་བསོད་སྙོམས་པ་ཡིན་པར་གཞན་དག་གིས་ཤེས་པར་འགྱུར
53b6 ཞི་གུ། དེ་ལྟར་བྱས་ཀྱང་རྙེད་པ་ཟོས་པར་འགྱུར་རོ་སྙམ་སྟེ། བསྔགས་པ་འདོད་པ་རྨོངས་པའི་རང་བཞིན་ཅན་དུ་གྱུར་པས། བདག་གི་འབྲས་བུ་མ་ཟོས་པར་བདག་གིས་འབྲས་བུ།
53b7 ཐོབ་པར་གཞན་གྱིས་ཤེས་པར་བྱའོ།། བདག་རྒྱུན་ཏུ་ཞུགས་པ་དང་། ཡན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་ཡིན་པར་གཞན་དག་གིས་ཤེས་པར་བྱའོ།། དགེ་བསྙེན་མདུནན
53b8 འཁོད་པ་རྣམས་ཀྱང་སྐྱེ་བོ་ཐམས་ཅད་ཀྱིས་བདག་དེ་ལྟ་བུ་ཡིན་པར་ཤེས་པར་འགྱུར་བའི་ཚིག་སྨྲར་གཞུག་གོ་སྙམ་ནས་ཆོས་ཐོབ་པར་བྱ་བའི་ཕྱིར། མ་ཡིན་པར་ཡིད་ལ་བྱེད་པ་དེ་ལྟ་བུས་རྙེད་པ་དང་བཀུར་སྟི།
53b9 དང་བླ་མའི་མཆོད་པ་དང་། ཕྱག་བྱ་བ་དང་། ཟང་ཟིང་ཀ་ཕྱིར་དགྲ་བཅོམ་པ་འདྲ་བ་ཕན་ཚུན་ལྟ་བའི་ཐེབས་དང་། མྱིག་བཙུམས་པ་དང་། འགྲོས་རྣམས་འཆོས་པར་བྱེད་ཅིང་། ཆོས་ཀོས་དང་། སྣམ་སྦྱར་དང་།