e-texts navigator
Collection
Volume
Page
Wylie

53a1 ཆོས་གཅིག་འགལ་བར་བྱས་པའི་སྐྱེ་བོ་འཇིག་རྟེན་ཕ་རོལ་སྤངས་པས་ནི་མྱི་བྱ་བ་མི་ཡང་བྱེད་དེ་མྱི་བྱ་བའི་བག་ཅི་ཡ་མྱིནན་ཅེས་བྱ་བའི་དོད་ཏོ།། སངས་རྒྱས་ཀྱིས་བསྟནད་པ་ནི་དེ་སྐ་།
53a2 བ་ཡིན་ན། ཉེས་པ་སྦོམ་པོ་མྱི་སྣོམ་པར་ལྟ་ག་ལ་མཛད།། ཀལ་ཏེ་དེ་ཙམ་ཡང་སྡོམ་པམ་བྱེད་པ་ནི་མཆོག་ཏུ་མ་བསྡངས་པ་ཡིན་ནོ།། ཇི་ཞིག་བཟུང་སྟེ་ཚུལ་ཁྲིམས་སྲུང་ཞེན། སངས་རྒྱས་ཀྱི་ཁམས་སོ།།
53a3 གསུང་རབ་ཡང་སག་མུའི་ཚུལ་ཀྱིས་སངས་རྒྱས་སུ་འགྱུར་བའི་རྟོག་པ་གཅིག་བུས། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་དོ།། ཤིན་ཏུ་རྒྱས་པ་ལས་བདག་མྱེད་པའི་མཆོག་སོད་དེ
53a4 ཞེས་སྨྲ་བ་ནི། གསུང་རབ་ཡན་ལག་དགུའི་རྡུལ་གྱིས་མདོ་སྡེ་སྤོང་བ་མ་ཡིན་ནོ།། གཞན་དུད་ནི་དེ་ལྟར་འགྱུར་རོ།། གསོལ་ད་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་མཆིས
53a5 པར་གསུང་རབ་ཡན་ལག་རྐུ་ལས་ངེས་པར་བསྟན་ན་གང་ཟ།། ག་ཏུ་ལྟ་བར་ཇི་ལྟར་གཟུང་བར་བགྱི། དེ་ལྟ་ན་ནི་ཆོས་ལས་བླ།། མར་ཡང་འགྱུར་ལགས་སོ།། བཀའ་སཿལད་པ། ཇི་ལྟར་རྒྱ
53a6 མཚོའི་ནང་ན་རིན་པོ་ཆེ་ཡོན་ཏན་བརྒྱད་དང་ལྡན་པ་སྣ་ཚོགས་མྱེད་དོ།། ཞེས་སྨྲས་པ་དེ་བཞིན་དུ་གསུང་རབ་ཡན་ལཀ་དཀུ་ཤི་ནད་ཏུ་རྒྱས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལ་སངས་རྒྱས་ཀྱི་ཞེས
53a7 མྱེད་དོ་ཞེས་ཟེར་བ་ཡང་དེ་དང་འདྲ་སྟེ། སངས་རྒྱས་ཀྱིས་གསུང་འདི་ནི་དེ་དག་གི་ཡུལ་མ་ཡིན་ལ་སངས་རྒྱས་ཀྱི་གསུང་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་བྱ་བའི་གཏན
53a8 ཆགས་དང་རྟགས་པ་རྣམས་ཀྱི་སྒོ་ནས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡང་མ་ཡིན་པར་མངོན་ནོ།། ཐེག་པ་ཆེན་པོ་ལས་ནི་བདག་དང་སྲོག་བཤིག་པ་ཡང་མྱེད་དོ།། དེ་བས་ན་སངས་རྒྱས
53a9 ནོ་རེ་བུ་མའི་ལམ་ཤེས་བྱའོ།། གང་དག་གིས་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་དོ།། བདག་གིས་སངས་རྒྱས་ཐོབ་པར་འགྱུར་མོད་ཀྱི། ཉོན་མོངས་པ་ཟད་པར་བྱ་དགོས་སོ་ཞེས་དེ་སྐད་ཟེར་བ་དེ་དག་ནི་དེའི་ཉེན




iiif viewer powered by OpenSeadragon

52b - 53b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo