| e-texts navigator |
| Wylie |
52a1 བླ་མར་གྱུརྡ་པའི་ཉེས་པ་ཡོད་ཅེས་བྱ་བའམ་མྱེད་ཅེས་བྱ་ཞེ་ན། ཁམས་ཡོད་དུ་ཟིན་ཀྱང་སྦྱིན་པ་དང་ཚུལ་ཁྲིམས་དང་ཤེས་རབ་དང་། ཆོས་དང་ལྡན་པ་རྣམས་ལ་ཡོད་པར་ཟད་དོ་ཞེས་བརྗོད་པར་བྱའོ།།
52a2 གཞན་ཡང་དགེ་སློང་རབ་ཏུ་བྱུང་ནས་སེམས་པར་བྱེད་དེ།། ཀེ་མ་བདག་སངས་རྒྱས་སུ་འགྱུར་རམ་མྱི་འགྱུར་སྙམ་པའམ། བདག་གིས་ནི་སངས་རྒྱས་ཉིད་ཐོབ་པར་འགྱུར་བར་མངོན་ནོ་སྙམ་དུ་སེམས་ན། འབྲས་བུ
52a3 མ་ཐོབ་ཏུ་ཟིན་ཀྱང་བསོད་ནམས་མང་པོ་འཕེལ་བར་འགྱུར་རོ།། གལ་ཏེ་ལྷ་ཡིན་ན་དགེ་སློང་ཐམས་ཅད་ཀྱང་མྱིའི་ཆོས་ལས་བླ་མར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ངས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཅུའི་བར་དུ
52a4 རུང་བ་མ་ཡིན་པའི་དངོས་པོ་ཡོངས་སུ་འཛིན་པ་སྤངས་ཏེ། ཆོ་ག་ཤེ་ས་པ་དང་ཡོ་བྱད་བསྙུངས་པའི་མཆོག་ལ་གནས་ནས། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བསྒོམས་ཏེ། མངོན་པར་རྫོགས་པར་སངས་རྒྱས
52a5 ནས་ཆོས་ཀྱི་ཕུང་པོ་འབུམ་སྟོནད་པའི་སངས་རྒྱས་བཅོམ་ལྡན། འདས་སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར་པའི་ཕྱིར་རོ་ཞེས་ཟེར་བ་དེ། ལྟ་བུ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོ།
52a6 པའི་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་བཱི་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མ་ར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། བདུད་དང་འཐུན
52a7 པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པ་རིག་པ་བྱའོ།། ཕམ་པ་བཞི་ཡང་མྱེད་དགེའ་འདུན་གི
52a8 ལྷག་མ་བཅུ་གསུམ་ཡང་མྱེད་མ་ངེས་པ་གཉིས་ཀྱང་མྱེད། སྤང་བའི་ལྟུང་བར་བྱེད་པ་སུམ་ཅུ་ཡང་མྱེད། སུང་བྱེད་འབའ་ཤིག་པ་དགུ་བཅུ་པ་གཅིག་ཀྱང་མྱེད།། སོ་སོར་བཤགས་པར་བྱ་བ་བཞི་ཡང་མྱེད།།
52a9 བསླབ་པར་བྱ་བ་མདོ་པ་ཡང་མྱེད། རྩོད་པ་བཞི་པར་བྱ་བའི་ཆོས་བདུན་ཡང་མྱེད། ཉེས་བྱ་བ་རྣམས་ཀྱང་མྱེད། ཉེས་པ་སྦོམ་པོ་རྣམས་ཀྱང་མཚམས་མྱེད་པ་དང་འདོད་ཆེན་པ་ཡང་མྱེད་དེ།། སྔར་སྨོས་པའི