| e-texts navigator |
| Wylie |
4b1 ཀྱིས་ལུས་ལ་མ་བཙགས་པའི་མ་འཚམས་ཡུངས་འབྲུ་ཙམ་ཡང་མྱེད་པར་གྱུར་ཏོ།། དེ་ནས་དགེ་སློང་དེས་རྒྱལ་པོ་རེ་དེ་ལྟར་གྱུརྡ་པ་མཐོང་བས་ལེགས་སོ་ཞེས་སྨྲས་ཏེ། དམ་པའི་ཆོས་སྲུང་བས་ནི་དེ་ལྟར་བྱ་དགོས་སོ།།
4b2 ཁྱོད་ནི་ཆོས་དཔག་ཏུ་མྱེད་པའི་སྐལ་བ་ཅན་དུ་འགྱུར་རོ།། ཞེས་བྱས་སོ།། དེ་ནས་རྒྱལ་པོ་དེས་དགེ་སློང་དེའི་ཚིག་ཐོས་ནས་ཤི་བའི་འོག་ཏུ་དེ་བཞིན་གཤེགས་པ་མྱི་འཁྲུགས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་སོ།། དེར་སེམ
4b3 ཅན་གང་རྗེས་སུ་ཡི་རང་བར་གྱུར་པ་རྣམས་དང་གཡུལ་འགྱེད་འགྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་། བྱང་ཆུབ་ཐོབ་པར་གྱུར་ཏོ།། དེ་བཞིན་གཤེགས་པ་ཀྱི་འཁྲུགས་པའི་འཇིག་རྟེན་གྱི་ཁམས་མངོན་པར་དཀའ་བ
4b4 ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་ཀྱི་འཁྲུགས་པའི་རྣམ་པ་ཞེས་བྱ་བ་ཞིག་ཀྱང་བྱུང་ངོ་།། དེ་དགེ་སློང་སངས་རྒྱས་བྱིན་ཡང་རྒྱལ་པོ་དེ་ཞི་བའི་རྗེས་ལ་ཤི་ནས། དེ་བཞིན
4b5 གཤེགས་པ་མྱི་འཁྲུགས་པའི་བསྟན་པ་ལ་ཉན་ཐོས་ཀྱི་མཆོག་ཏུ།། གྱུར་ད་ཏོ།། རྒྱལ་པོ་དེ་ཡང་ཉན་ཐོས་གཉིས་པར་གྱུར་ད་ཏོ།། དེ་ལྟར་ན་དམ་པའི་ཆོས་ནུབ་པའི་ཚེ། དམ་པའི་ཆོས་དབྱུང་བར་བྱའོ།།
4b6 དེའི་རྒྱལ་པོར་གྱུར་པ་དེ་ནི་ང་ཡིན་ནོ།། དགེ་སློང་དེ་ནི་སངས་རྒྱས་འོད་སྲུང་ཡིན་ཏེ། པ་ནི་ཡོངས་སུ་མྱ་ངན་ལས་འདས་སོ།། དེ་ལྟ་རན་དམ་པའི་ཆོས་སྲུང་བའི་འབྲས་བུ་ནི་དཔག་ཏུ་མྱེད་དེ། འབྲས
4b7 བུ་རྣམ་པར་དག་པ་དེས་ན་པ་ཡང་མ་བྱའི་མདོངས་རི་མོ་ཅན་མང་པོས་བརྒྱན་པ་ལྟ་བུར་གྱུར་ཏེ། མྱིག་གིས་པའི་སྐུ་དང་ཆོས་ཀྱི་སྐུ་བརྙེས་པར་གྱུར་ཏོ།། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། དེ་བཞིན་གཅེན
4b8 པ་ནི་རྡོལ་བརྐོས་པའི་ཡེ་གེ་བཞིན་དུ་རྟག་པའི་སྐུ་དང་ལྡན་ལགས་སོ།། བཀའལ་སཅལ་ད་བ། རིགས་ཀྱི་བུ་དེ་བས་ན་དམ་པའི་ཆོས་བསྲུང་བར་འདོད་པས་ནི། དགེ་སློང་ངས། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན
4b9 མ་གང་ན་ཡོད་པ་དེར་བསྲུང་བར་བྱའོ།། དགེ་བསྙེན་དམ་པའི་ཆོས་སྲུང་བའི་འབྲས་བུ་ནི་རྒྱ་ཆེའོ།། རིགས་ཀྱི་བུ་དེ་བས་ན་དགེ་སློང་རྣམས་མཚོན་ཆ་ཐོགས་པའི་དགེ་བསྙེན་དག་གིས་མདུན་ཏུ་བདར་ཏེ་རྒྱུ་བར་བྱའོ།། ཐེག