| e-texts navigator |
| Wylie |
4a1 ཞུགས་པ་ཞེས་པཟེར་རོ།། སྲུདེས་ན་རྒྱལ་པོ་དང་བློན་པོ་དང་། དགེ་བསྙེན་རྣམས་ལ་དམ་པའི་ཆོས་འསྲུང་བའི་ཕྱིར་ངས་དགེ་སློང་རྣམས་འསྲུང་བམས་བགནང་། ཁྱིམ་བདག་འགྲོ་ཆེག་རྣམས་ཆད་པས་བཅོད།
4a2 དུ་ཡང་གནང་ངོ་།། དེ་ལྟ་ཚུལ་ཁྲིམས་འཆལ་པ་གང་ཡིན་པ་དེ་དག་ནི་ཁྱིམ་བདག་འགོ་རེག་ཅེས་བྱ་སྟེ། དེ་ནི་ཚུལ་ཁྲིམས་དང་ལྡན་པའི་ཚིག་བླ་དགས་མ་ཡིན་ནོ།། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས
4a3 བྱེད་པའི་སྔོན་རོལ་དུ་གྲོང་ཁྱེར་ཀུ་ཤི་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བ་བསྐྱེད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་བདེ་བ་ཅན་བཞིན་དུ་ཡངས
4a4 པར་གྱུར་ད་ཏེ། དེའི་ཚེ་སེམས་ཅན་དག་བདེ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་བཞིན་དུ་བྲུ་བས་ཉམ་ཆུང་བ་མྱེད་དོ།། དེ་ན། དེ་བཞིན་གཤེག། ས་པ་དེ་ལོ་བྱེ་བ་ཕྲག་དུ་མར་བཞུགས་བཞུགས་ནས་གྲོང་ཁྱེར་འདི
4a5 ཉིད་དང་གནས་ཉིད་དུ་མྱ་ངན་ལས་འདས་སོ།། དེ་ནས་དེའི་བསྟ། ནད་པ་ལོ་བྱེ་བ་ཕྲག་ཏུ་མའི་བར་དུ་གནས་གནས་ནས། གང་གི་ཚེ། བསྟན་པ་གནས་པ་དེའི་ལྷག་མ་ལོ་བཞི་བཅུ་ལུས་པ་དེའི་ཚེ། དམ
4a6 པའི་ཆོས་ནུབ་ཏུ་ཚ་བའི་དུས་ན། དགེ་སློང་སངས་རྒྱས་བྱིན་ཞེས་བྱ་བ་གཡོག་འཁོར་མང་པོ་དང་ལྡན་པ། སེ་གེའི་སྒྲ་སྒྲོགས་པ། གསུང་རབ་ཡན་ལག་དཀུའ་ཆོས་སྟོན་པ་ཞིག་བྱུང་སྟེ། དེ་བྲན་དང
4a7 བྲན་མོ་དང་། གཡང་དང་མ་ཧེ་ལས་མཚོགས་པ་རྫས་ངན་པ་འཆང་བ་ཟློག་པའི་ཆོས་སྟོན་པ། ཚུལ་ཁྲིམས་འཆལ་པ་སྡང་བའི་སེམས་དང་ལྡན་པ་རྣམས་ཀྱིས་ཐོབ་ནས། གསད་པའི་སེམས་བསྐྱེད་དེ་ཚུལ་ཁྲིམས་འཆ
4a8 པའི་ཕྱོགས་རྣམས་གཅིག་ཏུ་བསྡོངས་ནས། མཆོན་ཆ་སྣ་ཚོགས་ལག་ན་ཐོགས་ཏེ། དགེ་སློང་དེའི་ཐད་དུ་དོང་སྟེ། བ་ཡང་དེའི་ཚེ་རྒྱལ་པོ་སྲིན་སྦྱིན་ཞེས་བྱ་བར་གྱུར་ཏེ། རྒྱལ་པོ་དེས་གཏམ་དེ་ཐོས་ནས་དམ་པའི་ཆོས
4a9 བཟུང་བའི་ཕྱིར་དགེ་སློང་དེའི་ཐང་དུ་སོང་སྟེ། དེ་དེ་དག་དང་གཡུལ་བཀྱེའོ།། དེ་ནས་ཆོས་སྨྲ་བ་དེ་དག་གིས་མཚུགས་སོ།། རྒྱལ་པོ་དེ་ནི་རལ་གྱི་དང་མདུང་ཐུངཔ་ལ་ལེབ་དང་། རྡོ་རྗེ་ཆེ་གཅིག་པ་དང་། མདའ་རྣམས