| e-texts navigator |
| Wylie |
41b1 པར་གྲོལ་བ་དང་། ཆགས་པ་མྱེད་པའི་དུས་དང་། བྲན་དང་བྲན་མོ་ལས་སྩོགས་པ་རྫས་ངན་པ་དུ་མ་ཡོངས་སུ་འཛིནད་པར་བྱེད་པའི་དུས་ནི་སྐྱེས་བུ་བཞིའི་ནང་ནས་གཅིག་ཙམ་ཡང་། བྲན་དང་བྲན་མོ་ལས་སྩོགས་པ་རྫས་ངན་པ
41b2 དུ་མ་ཡོངས་སུ་འཛིནད་པའི་དགེའ་འདུན་གི་ནང་དུ་ཁྱིམ་ནས་ཁྱིམ་མྱེད་པར་རབ་ཏུ་བྱུང་ནས། དེ་རྣམས་ཀྱི་རུང་བ་དང་རུང་བ་མ་ཡིན་པ་དང་། འདུལ་བ་དང་འདུལ་བ་མ་ཡིན་པའི་བྱེ་བྲག་ཀྱང་ཤེས། དེ་དག་གིས་གཡེལ་བ་དང་བདག་ཉིད
41b3 ཀྱི་ངེས་པ་མང་པོའི་གཞི་ཡང་ཤེས་ཏེ། སྤྱོད་པ་འདི་ནི་བཅོམ་ལྡན་འདས་ཀྱི་སྤྱོད་པ་མ་ཡིན་ནོ་སྙམ་དུ་ཡང་ཤེས། ཡུལ་དང་དུས་ལ་བལྟས་ཏེ། གསར་བུ་རྣམས་ལས་གསུང་རབས་ཡན་ལག་དགུའ་སློབ་པར་བྱེད་ཅིང་། དེ་དག་ཕམ་པ་བྱུང
41b4 བ་ཡིན་པར་ཤེས་སུ་ཟིན་ཀྱང་དམ་པའི་ཆོས་འབྱུང་བར་བྱའོ་སྙམ་སྟེ། ཁ་རོག་པར་འཇུག་ནས་དེ་འབའ་ཤིག་སེམས་ཤིང་། དམ་པའི་ཆོས་སྲུང་བ་ཁོ། ནའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་།། རིགས་ཀྱི་བུ་དཔེར་ན་གཞིག་གི་རྒྱལ
41b5 པོ་ཅིག་ཤི་ནས་དེའི་བུ་རྣམས་ཀྱི་ནང་ནས་རྒྱལ་པོ་ནུས་པ་མྱེད་དེ། རྒྱལ་པོ་དེ་ཉིད་ཀྱི་ཁམས་ཀྱི་གདོལ་པ་འབྲུག་སྒྲ་ལྟ་བུའི་སིལ་སྙན་དང་ལྡན་པ། ཞིག་གིས་གདོལ་པ་དག་དེང་དེ། མཐུས་རྒྱལ་སྲིད་ཕྲོགས་ནས་རྒྱལ
41b6 པོ་བྱེད་ལ། གདོལ་པ་དེ་ཡང་རང་བཞིན་གིས་ནོར་དང་ལྡན་པ་ཞིག་སྟེ་དེ་ནས་གདོལ་པ་དེ་རྒྱལ་པོ་བྱེད་པ་ནི། བྲམ་བ་དང་ཁྱིམ་བདག་དེ་ན་ཀན་ས་པ་རྣམས་གདོལ་པས་བཀོལ་ན་མྱི་རུང་ངོ་སྙམ་ནས་ཡུལ་བོར་ཏེ།
41b7 གང་ན་རྒྱལ་པོའི་རིགས་རྒྱལ་པོ་བྱེད་པའི་ཡུལ་དེར་འགྲོ་བར་བྱེད་ལ། བྲམ་ཟེ་དང་ཁྱིམ་བདག་གཞན་ཁ་ཅིག་ནི་བདག་གི་ཡུལ་འདོར་མ་ཕོད་ནས། ཇི་ལྟར་ཞིང་གང་དུ་སྐྱེས་པ་དེ་ཉིད་དུ་སྐམ་པར་འགྱུར་བ་དེ་བཞིན་དུ། དེ་དག་ཀྱང་ཞིང
41b8 དང་འདྲ་བར་ཡུལ་དེ་ཉིད་ན་འཁོད་དོ།། དེ་ནས་གསོལ་པ་དེས་ཀྱི་མང་པོ་བྱེར་རོ་སྙམ་ནས་གདོལ་པ་རྣམས་ལས་ཐམས་ཅད་བསྲུང་དུ་བཅུག་སྟེ། མྱེ་ལྷག་མ་རྣམས་བསྲུང་བའི་ཕྱིར་བྲམ་ཟེ་གཙང་སཱ་ཅན་རིག་བྱེད་ཀྱི་མཐར་ཕྱིན་ན
41b9 པ་གང་ངའི་རྒྱལ་སྲིད་ཀྱི་ཕྱེད་ལོངས་སྤྱོད་པར་འདོད་པ་དེས་ནི། ངའི་འདུན་ན་འདོན་གིས་ཤིག་ཅེས་བསྒྲགས་ཏེ། དེ་སྐར་གྲོང་ཁྱེར་དུ་ཞག་བདུན་གི་བར་དུ་ངའི་ཆེ་བརྡུངས་ཀྱང་། བྲམ་ཟེ་གཙང་སཱ་ཅན་གདོལ་པའི་བུ་མཁྱེན་བྱེད་པ