e-texts navigator
Collection
Volume
Page
Wylie

41a1 པར་འགྱུར་ན། ཅི་ལགས། ཀསར་བུས་གྲོ་བར་ཆུད་བཞིན་དུ། རྒན་པོ་ཚུལ་ཁྲིམས་འཆས་པའི་ཕྱག་བགྱི་འཆས་སམ།། གཞན་ཡང་གླེང་འཆས་པ་མཆིས་ཏེ། མི་ལགས་ཁྱིམ་ན་གནས་པ་ལས་ཆོས་རྟོགས
41a2 པར་འགྱུར་ན་ཡང་། ཁྱིམ་ན་གནས་པ་ལ་ཕྱག་བགྱི་འཚལ་ལམ། ཧ་ཅང་ཞེས་ཆེར་བགྱི་བའི་མྱི་རིགས་ལགས་སོ།། ཁྱིམ་ན་གནས་པ་རྣམས་ནི་རབ་ཏུ་བྱུང་བའི་མཆོད་པའི་འོས་དང་ཡོན་གནས་མ་ལགས་སོ།། བསྟནད་པ་འདི
41a3 ལ་ནི་གཞོན་ནུས་རྒན་པོ་རྣམས་ལ་མཆོད་པ་བགྱི་བའི་རིགས་སོ།། རྒན་པོ་མཆོད་པའི་འོས་ཤེས་བགྱི་བ་ནི། བསྙེན་པ་རྫོགས་པ་འདུལ་བ་དང་ཆོ་ག་དང་། སྤྱོད་ཡུལ་ཡ་གནས་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ཚུལ
41a4 ཁྲིམས་འཆལ་པ་རྣམས་ནི་ཞིང་ཀི་ན་ན་ཞིང་གི་ངོ་བོ་དང་འདྲའོ་ཞེས་གསུངས་ན་ང་ནི།། རྒན་ནམ་ཡང་ན་གཞོན་ཡང་རུང་།། གང་ལས་ཆོས་ནི་རྟོགས་འགྱུར་བ།། དབང་ཆེན་ལྷ་ལ་བྱ་བ་བཞིན།། དེ་ལ་བཀུར
41a5 སྟིས་ཕྱག་ཀྱང་བྱ།། ཞེས་ཀྱང་གསུང་ངམ་ཚིག་གི་དོན་འདི་གཉིས་ནི། དཔྱ་འཚལ་ལགས་སོ།། དེ་མ་ལགས་ན་དེ་ལྟར་བགྱིས་དང་ཆད་པ། འི་གནས་སུ་འགྱུར་ལགས་སོ།། བཅོམ་ལྡན་འདས་དགེ་སློང་ཚུལ
41a6 ཁྲིམས་དང་ལྡན་པ་རྣམས་སླུ་བར་མཛད་ལགས་སེམས།། འདི་ལ་ནོངས་པར་མང་དུ་མཆིས་ལགས་ན། བཅོམ་ལྡན་འདས་ཀྱིས་མདོ་མར་པོ་དག་ལས་ཚུལ་ཁྲིམས་འཆལ་པ་རྣམས་ཆད་པས་གཅད་པར
41a7 བཀའ་སྩལ་ད་ན་མི་ལགས།། དེ་བཞིན་གཤེགས་པས་འདིར་དགོངས་ཏེ་གསུངས་ལགས་སམ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀ་ན་ནམ་ཡང་ན་གཞོན་ཡང་རུང་།། གང་ལས་ཆོས་ནི་རྟོགས་འགྱུར་བ།།
41a8 དབང་ཆེན་ལྷ་ལ་བྱ་བ་བཞིན།། དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ།། ཞེས་བྱ་བ་ནི། མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར། ངས་བསྟནད་པ་ཡིན་ཀི། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་ཕྱིར་དེ་སྐད
41a9 བསྟནད་པ་ནི་མ་ཡིན་ནོ།། རིགས་ཀྱི་བུ་ངས་སྔར་བསྟན་པ་དམ་པའི་ཆོས་ནུབ་པའི་དུས་དང་། ཚུལ་ཁྲིམས་དང་ལྡན་པ་འགྲིབ་པའི་དུས་དང་། ཚུལ་ཁྲིམས་འཆལ་པའི་ཕྱོགས་རྣམ་ཡར་འཕྱེལ་བའི་དུས་དང་། ངེས་པར




iiif viewer powered by OpenSeadragon

40b - 41b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo