| e-texts navigator |
| Wylie |
40b1 རམ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པའི་ཕྱིར་ཐོས་པ་ཙམ་དུ་ཟད་དེ། མདོ་སྡེ་སྤང་བར་མྱེ་བྱེད་ན། ང་རྒྱལ་གི་དབང་གིསྤོང་བ་མ་རྟོགས་པར་སེམས་ཅན་གཞན་དེ་དག་ནི། སངས་རྒྱས་དགྲའ་བཅོམ་པ་རྣམས
40b2 ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་རིམ་ཀས་ཟོས་པར་འགྱུར་རོ།། རིགས་ཀྱི་བུ་དེ་བས་ན་སྔར་བསྟནད་པའི་གང་ཟག་བཞི་པོ་རྣམས་ཏེན་དུ་གྱུར་པ་ཡིན་ཏེ། དེ་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པའི་མདོ
40b3 སྡེ་ལ་སངས་རྒྱས་ཀྱིས་གསུངས་སོ་ཞེས་སྟོན་མྱི་སྲིད་དེ་སྐབས་མྱེད་དོ།། དེ་བས་ན་རྟེནད་དུ་གྱུརྡ་པ་ཡིན་ནོ།། གང་ཟག་བཞི་པོ་འདི་རྣམས་ད་ཀྱི་ནང་ནས་གཅིག་ཙམ་ཞིག་འདུག་ན་ཡང་དེ་ལ་མཆོད་པ་གྱིས་ཤིག། སྲུང་བར
40b4 ཀྱིས་ཤིག། གསོལྡ་པ། དེ་ལ་མཆོད་པ་ཇི་ལྟར་འཚལ། བཀའ་སྩལ་དཔ། བཀ་པ་ལག་དེ་ནི་བདག་གི་སྲོག་ཡོངས་སུ་བཏང་ནས། དམ་པའི་ཆོས་འབྱིན་པ་ཡིན་གིས་འབྱིནད་པ་ཡིད་ཀྱིས་དེ་ལས་དམ་པའི
40b5 ཆོས་བསྲུང་བར་གྱིས་ཤིཀ། བསླབས་ནས་ཀྱང་སློབ་དཔོན་དེ་ལ། མཆོད་པ་གྱིས་ཤིག།། ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ངས་བསྟན། ཏེ།། རྐན་ནམ་ཡང་ན་གཞོན་ཡང་རུང་། གཔ་ལས་ཆོས་ནི་རྟོགས
40b6 འགྱུར་བ། བྲམ་ཟེ་སྲེག་སྦྱིན་མྱེ་བཞིན་དུ།། དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ།། རྒན་ནམ་ཡང་ན་གཞོན་ཡང་རུང་།། གང་ལས་ཆོས་ནི་རྟོགས་འགྱུར་བ།། དབང་ཆེན་ལྷ་ཡ་བྱ་བ་བཞིན།། དེ་ལ་བཀུན
40b7 བསྟིར་ཕྱག་ཀྱང་བྱ།། ཞེས་བསྟནད་པ་ཡིན་ནོ།། གསོལ་པ། སློབ་དཔོན་ལ་མཆོད་པར་བགྱིད་པ་ནི་རིགས་ལགས་ན། དགེའ་སློང་རྒན་པོ་ཚུལ་ཁྲིམས་དང་ལྡན་པས་གསར་བུ་ལ་ཕྱག་བགྱི་བ་ནི་མྱི་རིགས་ཏེ། འདི་ནི་དཔྱན
40b8 འཚལ་ལགས་སོ།། ཅི་ལགས་གལ་ཏེ། དགེ་སློང་རྒན་པོ་གསར་བུ་ལ་སློབ་ན་ཡང་དེས་གསར་བུ་ལ་ཕྱག་བགྱི་འཚལ་ལམ།། ཀལ་ཏེ་ཕྱག་བགྱི་འཚལ་བར་འགྱུར་ན་ནི། དེ་ལྟར་ན་རྒན་པོ་དེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང
40b9 མ་ལགས་པར་འགྱུར་ལགས་སོ།། གཞན་ཡང་གླེང་འཚལ་བ་མཆིས་ཏེ། གལ་ཏེ་དགེའ་སློང་རྒན་པོ་ནི་ཚུལ་ཁྲིམས་འཆལ་པ་ལགས། ཀསར་བུ་ནི་ཚུལ་ཁྲིམས་དང་ལྡན་པ་ལགས་ལ། དེ་ལས་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས།