| e-texts navigator |
| Wylie |
40a1 པོ་འཁྲུག་པ་དང་། ཡུལ་འཁྲུག་པ་དང་། སྡུ་བའི་དངོས་པོ་འཁྲུག་པ་དང་། དཀའ་བའི་བཤེས་ཉེན་མྱི་མཐོང་བ་དང་། གོས་དང་ཟས་དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་མྱེད་པ་དང་། རྙེད་པ
40a2 ཆུང་བ་དང་། བཀྲེས་པ་དང་། སྐོམ་པས་ཉམ་ཆུང་བའི་གནོད་པ་དང་ལྡན་པ་དང་། སྐྱེ་བོ་ཕལ་པས་དཀའ་བར་བྱ་བ་དང་། རྒྱལ་པོ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མྱེ་རྣམས་ཀྱི་ཆོས་ཀྱི་གཏམ་མྱི་འཛིནད་པ་དང་། ཆོས་སྔ
40a3 བའི་ཕྱོགས་མྱི་ཕྱེད་དང་། བློན་པོ་དང་སྡེ་དཔོན་གང་དག་ཕྱོགས་དཔའ་གོན་མྱེད་དུ་རེ་བ་དེ་དག་ཀྱང་། སོ་ཤི་ག་ཏོལ་མྱེད་པར་འགྱུར་བ་དང་། དམ་པའི་ཆོས་ཀྱི་ཕྱོགས་མྱི་བྱེད་པ་དང་། བབང་ན་ཡང་མི་མཛེས་པ་དང་། བལྟ་ལན་སྡུག་མ་ཡ།
40a4 བལྟན་མི་སྡུག་པར་འགྱུར་ཏེ། དེ་ལྟར་ན་ངའི་ཉན་ཐོས་གང་དཀའ་དག་རྟེན་ན་མདོ་སྡེ་ཆེན་པོ་སྟོནད་པ་རྣམས་ནི་དཀའ་བ་བྱེད་པ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན་ལྷོ་བུར་ཤི་ནད་ཏུ་སྟུག་པོ་ཡང་ཉི་མ་མ་ཤར་ཀེ་བར་དུ
40a5 ནི་གནས་ན། ཉི་མ་ཤར་མ་ཐག་དུ་ནི་མ་ལུས་པར་སངས་པར་འགྱུར་བ་དེ་བཞིན་དུ། རིགས་ཀྱི་བུ་སེམས་ཅན་དེ་དག་གི་སྡིག་པ་ཀྲ། ངས་མྱེད་པ་ཡང་གང་གི་ཚེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི
40a6 ཉི་མ་མ་ཤར་ཀི་བར་དུ་ནི་གནས་ལ། གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཉི་མ་ཤ་རད་པ་དེའི་ཚེ་ནི། སྡིག་ལ་དེ་དག་ཉིད་མ་ལུས་སྡེ་ཀྱང་བར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་ལ་ལ་ཞིག་ཁྱིམ་ནས
40a7 ཁྱིམ་མྱེད་པར་རབ་ཏུ་འབྱུང་བར་འདོད་ལ། ད་དུང་གཞོན་ནུའི་ཚུལ་ཁྲིམས་ཀྱང་མ་བླངས་པར་མྱི་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལས་སྩོགས་པ་དགེ་སློང་གི་དགེ་ལ་འདུན་མཆོད་སྟོན་གསོལ་བ་དེའི་ཚེ། ཁྱིམ་པ་དེ་ཡང་ཆོས་གོས
40a8 བགོས་ནས་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་དང་ཐབས་གཅིག་ཏུ་གྲོང་ཀི་ནང་དུ་སོང་སྟེ། བཀོད་ན་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གི་གྲངས་སུ་གཏོགས་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ
40a9 སེམས་དཔའ་ཆེན་པོ་མདོ་སྡེ་འདི་ལ་སློབ་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ཟོས་པ་རྣམས་ཀ་གྲངས་སུ་གཏོགས་སོ།། འདི་ལ་ཕྱིར་རོལ་དུ་གྱུར་པ་རྫས་ཀྱིས་བྲིད་པའི་ཕྱིར་རམ་གཏམ་ཟླར་བྱས་པའི་ཕྱིར