| e-texts navigator |
| Wylie |
39b1 རྟོགས་པར་གྱུར་ཏོ།། བཅོམ་ལྡན་འདས་ནི་རྟག་པ་དང་། བརྟན་པ་དང་། ཟེར་ཐུཀ་དང་། མྱི་ཡོ་བ་དང་། ཤི་ནད་ཏུ་བདེ་བའོ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོནད་པར་བྱེད་དོ།།
39b2 དེ་ལྟར་ན་སྔོན་སངས་རྒྱས་དུ་མ་ལ་བསྙེན་བཀུར་བྱེད་བྱེད་པའི་སེམས་ཅན་རྣམས་ནི་དམ་པའི་ཆོས་འབྱིནད་པར་འགྱུར་རོ།། དམ་པའི་ཆོས་ཀྱི་ཕྱོགས་འཛིནད་པར་འགྱུར་རོ།། གང་དག་གིས་ད་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི
39b3 ཕྱི་མའི་དུས་ན། དམ་པའི་ཆོས་འབྱིནད་པར་འབ་ནད་འགྱུར་ཞིང་དམ་པའི་ཆོས་ཀྱི་ཕྱོགས་འཛིནད་པར་འགྱུར་ཏེ། དེའི་སེམས་ཅན་དེ་ལྟ་བུ་དག་འབྱུང་བར་འགྱུར་གྱིས། རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་ན་སེམས་ཅན་དམ་པའི་ཆོས
39b4 འབྱིནད་པ་རྣམས་ལ། དེ་ལྟར་མ་ལྟ་ཤིག། གང་དག་གིས་ད་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་མ་འོངས་པའི་དུས་ན་ཡང་བྱང་ཆུབ་ཏུ་སེམ་ས་བསྐྱེད་ནས་དམ་པའི་ཆོས་འབྱིནད་པར་ཤེས་པར་གྱིས་ཤིག། རིགས
39b5 ཀྱི་བུ་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱང་།། ན་ལས་འདས་པ་ལ་ཡིད་མྱི་དགའ་བར་མྱི་བྱེད་ཅིང་། རབ་ཏུ་དགའ་བར་བྱེད་དེ། སངས་རྒྱས་བདག་ཅག་ཀྱི་རྙེད་པ་དང་། བཀུར་སྟི
39b6 ལ་བགེགས་བྱེད་པ་དེ། ད་ནི་འགྲོགས་པར་འགྱུར་ཞིང་། བདག་ཅག་དགའོ་སྙམ་སྟེ། དེ་ལྟར་སངས་རྒྱས་གྲོངས་པར་འགྱུར་རོ་སྙམ་ནས་ར་བ་ཏུ་དཀའ་སྟེ། ཡིད་མྱི་དགའ་བར་མྱི་བྱེད་པ་དེ་དག་ནི་དེའི་ཚེ་གཡེས
39b7 པར་འགྱུར་ཏེ། ཆོས་ཀོས་ཀྱི་མཚན་མ་ཅན་མདོ་སྡེ་སྤོང་བར་འགྱུ་ཡ་རིག་གི་ཤིག། སེམས་ཅན་གང་དག་ཡོན་ཏན་དཔག་ཏུ་མྱེད་པ་དང་ལྡན་པ་དེ་དག་ནི་ཐེག་པ་ཆེན་པོ་ཐོས་ན། མངོན་པར་དད་པར་འགྱུར་ཏེ། དམ་པའི་ཆོས་འདོད་པའི
39b8 རིགས་ཀྱི་བུ་དེ་དག་ནི་སྡིག་པའི་ལས་གྲངས་མྱེད་པ་བྱས་པ་རྣམས་ཀླད་པ་ན་བ་དང་། རིམས་ཀྱིས་གདུངས་པ་དང་ཤུག་རུ་དང་། སྐུར་པ་ཙམ་གྱིས་འབྱུང་བར་འགྱུར་རོ།། གཞན་ཡང་ཕྱི་མའི་དུས་ན་གཞན་གིས་བརྙས་པར་འགྱུར་བ་དང་།
39b9 མདོག་ངན་པར་འགྱུར་བ་དང་། མལ་ཆ་དང་སྟན་དང་། ཁཁས་ངན་པར་འགྱུར་བ་དང་། རྙེད་པ་མྱེད་པར་འབྱུང་བ་དང་། དབུལ་པོའི་རིགས་སུ་སྐྱེ་བ་དང་། ཕལ་པའི་རིགས་སུ་སྐྱེ་བ་དང་། ལོག་པར་ལྟ་བའི་རིགས་སུ་སྐྱེ་བ་དང་། རྒྱལ