| e-texts navigator |
| Wylie |
39a1 ན་མཚུངས་པ་མྱེད་པ་སྤོང་བར་མྱི་བྱེད་དེ། ལུང་ནོད་པར་བྱེད། ཉན་པར་བྱེད། འདྲི་བར་བྱེད་ལ། དོན་ནི་རྟོགས་པར་མི་འགྱུར་རོ།། གང་དག་ཀིས་སངས་རྒྱས་གང་ཀའི་ཀླུང་བཞིའི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས
39a2 བསྐྱེད་པ་དེ་དག་ནི། ཕྱི་མའི་དུས་ན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། མཚུངས་པ་མྱེད་པ་སྤོང་བར་མྱི་བྱེད་ཅིང་ལུང་ནོད་པར་བྱེད། ཉན་པར་བྱེད། འདྲི་བར་བྱེད་ལ། དོན་ནི་བཅུ་དྲུག་ཆ་གཅིག་རྟོགས་པར་འགྱུར་ཏེ། དོན
39a3 རྫོགས་པར་མྱི་འགྱུར་རོ།། གང་དག་གིས་སངས་རྒྱས་གང་ཀའི་ཀླུང་ལྔའི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་མཚུངས་པ་མྱེད་པ་སྤོང་བར་མྱི་འགྱུར་ཏེ། ལུང་ནོད་པར་བྱེད། ལྟ་བར་བྱེད། འདྲེ་བར་བྱེད
39a4 དེ། བྲིས་ནས་ཀྱང་བདག་ཉིད་འཆང་བར་བྱེད་ལ། དོན་ནི་བརྒྱད་ཆ་གཅིག་རྟོགས་པར་འགྱུར་ཏེ། དོན་རྫོགས་པར་རྟོགས་པར་མྱི་འ་གྱུར་རོ།། གང་དག་ཀྱིས་སངས་རྒྱས་གང་ཀའི་ཀླུང་དྲུག་གི་བྱེ་མ
39a5 སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་མཚུངས་པ་མྱེད་པ་སྤོང་བར་མྱི་བྱེད་དེ། ལུང་ནོད་པར་བྱེད་འདྲི་བར་བྱེད་བྲིས་ནས་ཀྱང་འཛིནད་པར་བྱེད་ལ། དོན་ནི་བཞི་ཆ་གཅིག་རྟོགས་པར་འགྱུར
39a6 ཏེ། དོན་རྫོགས་པར་རྟོགས་པརམྱི་འགྱུར་རོ།། གང་དག་གིས་སངས་རྒྱས་ཀང་ཀིའི་ཀླུང་བདུན་གྱི་བྱེ་མ་སྙེད་ལ། བྱང་ཆུབ་ཏུ་སེམས་སྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་མཚུངས་པ་པ་མྱེད་པ་སྤོང
39a7 བར་མྱི་བྱེད་དེ། ལུང་ནོད་པར་བྱེད་འདྲི་བར་བྱེད་བྲིས་ནས་ཀྱང་འཛིནད་པར་བྱེད་ལ་དོན་ནི་ཕྱེད་རྟོགས་པར་འགྱུར་ཏེ། དོན་རྫོགས་པར་རྟོགས་པར་མྱི་འགྱུར་རོ།། གང་དག་གིས་སངས་རྒྱས་གང་ཀའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ལ། བྱང་ཆུབ་ཏུ་མ
39a8 བསྐྱེད་པ་དེ་དག་གི། ཕྱི་མའི་དུས་ན་མཚུངས་པ་མྱེད་པ་སྤོང་བར་མྱི་བྱེད་དེ།། ལུང་ནོད་པར་བྱེད། ཉན་པར་བྱེད། འདྲི་བར་བྱེད། བྲིས་ནས་ཀྱང་འཛིནད་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། སྟོནད་པར་བྱེད། སྦ་བར་བྱེད
39a9 སྲུང་བར་བྱེད། འཆང་བར་བྱེད་དེ། འཇིག་རྟེན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར། གླེགས་བམ་རྣམས་ལ་མཆོད་པ་དང་བཀུར་སྟི་བྱེད། གཞན་དག་ཀྱང་བྱེད་དུ་འཇུག་ཅིང་བླ་མ་ལ་གུས་པ་ལྟ་བུར་ལྟ་བར་བྱེད་པ་ལ། དོན་ཀྱང་རྫོགས་པར