| e-texts navigator |
| Wylie |
38b1 ལོ་བཞིའི་བར་དུ་དམ་པའི་ཆོས་ཀྱི་ཆར་ཕབ་ནས་ནུབ་པར་འགྱུར་རོ།། གསོལ་པ། དམ་པའི་ཆོས་ནུབ་པའི་དུས་དང་། ཚུལ་ཁྲིམས་ཅན་ཟད་པའི་དུས་དང་། དམ་པའི་ཆོས་མ་ཡིན་པ་རྣམས་པར་འཕྱེལ་བའི་དུས་དང་། སྒྲུབ་པ
38b2 མཆིས་པའི་དུས་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་འབྱུང་བའི་ཚེ། འདི་ཉནད་པ་ནི་ཅི་འདྲ་བ་དག་ཅིག་འབྱུང་བར་འགྱུར་ལགས།། འཆང་བ་ནི་མི་འདྲ་བ་དག་ཅིག་ལགས། ཀློག་པ་ནི་མི་འདྲ་བར་དག་ཅག་ལས?
38b3 སུ་དག་ནི་སྲུང་བར་འགྱུར། འཛིནད་པར་འགྱུར། མཆོད་པར་བགྱིས་ནས་སྟོནད་པར་འགྱུར་ལགས། འདིར་འཇུག་པ་ནི་མི་འདྲ་བ་བདག་ཅིག་ལགས་པ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲའ་བཅོམ་པ་ཡང་དག་པར
38b4 རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཐམས་ཅད་ལ་སྨནད་པའི་སྲ་ད་དུ། བཀའ་སྩལ་དུ་གསོལ། བྱང་ཆུབ་སེམས་དཔའ་ཡང་དག་པར་སློབ་པར་འཚལ་བ་དག་མཆིས་ཏེ། དེ་དག་གིས་ཟོས་ན་ཅི་ནས་བླ་ན་མྱེད་པ
38b5 ཡང་དག་པར་རྫོགས་པར་འཚལ་བ་དག་མཆིས་ཏེ། དེ་དག་གིས་ཐོས་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མྱི་འགྱུར་བར་བསྒྲུབ་ལགས་སོ།། བཅོམ་ལྡན
38b6 འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། རིགས་ཀྱི་བུ་ཁྱོད་དོན་འདི་འདྲི་བར་ནི་ལེགས་སོ།། རིགས་ཀྱི་བུ་ཀང་དག་གིས་སངས་རྒྱས་ཆུ་ཀླུང་གསེར་ལྡན་གྱི་བྱེ་མ་སྙེད་ལ། བྱང་ཆུབ
38b7 ཏུ་སེམས་སྐྱེད་པ་དེ་དག་ནི། ཕྱི་མའི་དུས་ན་བྱང་ཆུབ་གི་སེམས་ཉམས་སུ་ལེནད་པར་འགྱུར་ཏེ། ཉམས་སུ་མྱི་ལེནད་པར་མྱི་འགྱུར་རོ།། མདོ་སྡེ་སྤོང་བར་ཡང་མྱི་འགྱུར་རོ།། གང་དག་གིས་སངས་རྒྱས་ཀང་ཀའི་ཀླུང་ཀའ་བྱེ
38b8 སྔ་སྙེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་མ་མཚུངས་པ་མྱེད་པའི་སྤོང་བའི་སེམས་བསྐྱེད་པར་མྱི་བྱེད་དེ། མོས་པར་བྱེད་ཅིང་དེར་ཚིག་ཀྱིས་སྐྱེ་བོ་ཐམས་ཅད་ལ་རྒྱས་པར་གོ་བར་བྱེད་པར་འགྱུར་རོ།། གང་དག
38b9 གིས་སངས་རྒྱས་གང་གའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། སྤོང་བར་མྱི་འགྱུར་རོ།། གང་དག་གིས་སངས་རྒྱས་གང་གའི་ཀླུང་གསུམ་ཀྱི་བྱེ་མ་སྙེད་ས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས