| e-texts navigator |
| Wylie |
38a1 དང་ཁྲེ་རྒོད་ཟ་ཞིང་བུ་རམ་ཤིང་དང་འབྲས་ཨ་ལུ་དང་འབྲུ་རྣམ་པ་ནི་ཤིང་རྟ་བཀང་ནས། རྒྱལ་པོ་ཆེན་པོ་ལ་འབུས་བྱེད་དེ། དེ་ན་སེམས་ཅན་གཞན་དག་རང་ཀི་ཡུལ་ན་འབྲས་ས་ལུ་ལས་བསྩོགས་པ་སྔོན་མ་མཐོང་དུ་ཟིནད།
38a2 ཀྱང་། རྒྱལ་པོའི་ལོངས་ཁྱོད་ཀྱི་མཐུས་འ་བར་བྱེད་དོ།། རིགས་ཀ་བུ་དེ་བཞིན་དུ་གཔན་ཀང་ཟག་ཆོས་གི་སྡེས་དཔོན་བྱེད་པ་བཞི་པོ་དེ་དག་གནས་པ་ཉིད་དུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅིག་ཀྱང་འཇིག་རྟེན་དུ
38a3 འབྱུང་ངམ། ཡང་ན་གང་ན་གནས་ཀྱང་རུང་སྟེ། དེར་དེའི་དོན་དུ་དེ་དག་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཚན་དཀ། ཀྲ་རྔན་གིས་འདྲི་ཤིང་འདྲིར་འཇུག་སྟེ། བསྒྲུབས་ནས་གླེགས་བམ་ཕྱི་ཙམ་བཅུའི་བཅུག་སྟེ། རྙེད་པ་དང་བཀུར་སྟིའི་ཕྱིར
38a4 ཆོས་སྤྱོད་པའི་ཕྱིར་རམ། རྟེན་བཅའ་བའི་ཕྱིར་སྐུར་བར་བྱེད་དེ། བྱང་ཆུབས་དང་སེམས་དཔའ་ཆེན་པོ་དེ་ལ་བསྙེན་བཀུར་བྱེད་ཅིང་སྐྱེ་བོ་མང་པོ་ཐེག་པ་ཆེན་པོའི་བཅུད་ཀྱིས་ལོངས་སྤྱོད་པར་འགྱུར་རོ།། རྒྱལ་པོའི་མཐུས་འབྲས་ས
38a5 ཡུ་བ་བ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ག་བི་བརྗིད་ཀྱི་མཐུས། སེམས་ཅན་རྣམས་ཀྱིས། སྔོན་མ་ཐོས་པའི་ཚིག་གི་ཡི་གེ་འབྲུ་གཅིག་པའི་ཐིག་ལེ་ཐོས་པར་འགྱུར་རོ།། ཡོས
38a6 སུ་མྱ་ངན་ལས་འདས་པ་ཆེན་པའི་མདོ་ཆེན་པོ་ས་ཕྱོགས་གང་ན་སྤྱོད་པའི་ས་ཕྱོགས་ནི་རྡོ་རྗེའི་རང་བཞིན་དུ་འགྱུར་རོ།། སེམས་ཅན་དེ་དག་ཀྱང་རྡོ་རྗེའི་རང་བཞིན་དུ་འགྱུར་རོ།། ཞེས་ངཔེར་རོ།། སེམས་ཅན
38a7 ཕལ་པ་བསོད་ནམས་ལུང་ངུ་རྣམས་ལེག་པ་ཆེན་པོ་པོས་མ། ཐེག་པ་ཆེན་པོའི་མདོའི་སྡེ་ཚན་གྱི་དོན་འཛིནད་པར་མྱི་བྱེད་དེ། ཐོས་ནདོན་འཛིནད་པར་མྱི་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། ཐེ་རྒོད་པ་བཞིན་དུ་མྱ་ངན་དུ་བྱ་བ་ཡིན
38a8 ནོ།། གསོལ་པ། དེ་བཞིན་གཤེགས་པ་འདས་ནས་ལོ་བཞི་སྟོང་གི་བར་དུ་འཛམ་བུ་གླིང་དུ་གནས་པའི་རྗེས་ལ་མའི་འོག་ཏུ་ནུབ་པར་གྱུར་ནས་ཡུན་ཇི་སྲིད་ན་སླར་ཡང་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས
38a9 བཀའ་སྩ་ལད་པ། རིགས་ཀྱི་བུ་གང་གི་ཚེ་ངའི་དམ་པའི་ཆོས་ཀྱི་འཇུག་ལོ་བརྒྱད་ཅུ་ལུས་པར་འགྱུར་ཏེ། དམ་པའི་ཆོས་ནུབ་དུ་ཅན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་འཇམ་བུ་གླིང་དུ་འབྱུང་བར་འགྱུར་ཏེ།