e-texts navigator
Collection
Volume
Page
Wylie

37b1 གང་ཡིན་པ་དེ་དག་ནི་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ཏེ། འཇིག་རྟེན་ན་ཨུ་རུམ་བ་རའི་མེ་ཏོག་བཞིན་དུ་ཤིན་དུ་དཀོན་ནོ།། པ་འདས་པའི་འོག་ཏུ་མདོ་སྡེ་ཆེན་པོ་འདི་ཤི་ནད་ཏུ་རྙེད་དཀའ་བར་འགྱུར་ཏེ། མ་འོངས་པའི་དུས་ན་སེམས་ཅན་གང
37b2 དག་མདོ་སྡེ་ཆེན་པོ་འདི་ཐོས་པར་བྱ་བའི་ཕྱིར། བསྒྲུབ་པའི་བྱེད་པ་དེ་དག་ནི་སེམས་ཅན་མང་པོས་སྤོང་བར་འགྱུར་རོ།། གསོ་སད་པ། ཡུན་ཇི་སྲིད་ཅིག་ན་སེམས་ཅན་རྣམས་ཀྱིས་སྤོང་བར་འགྱུར་ལགས། སེམས་ཅན་ཇི་ལྟར
37b3 བུ་དག་ན་དམ་པའི་ཆོས་འབྱིནད་པར་འབྱུང་ལགས། བཀའ་སྩལ་པ། རིགས་གི་བུ་འདས་པའི་འོག་དུ་སོ་བཞི་སྟོང་གི་བར་དུ་འཛམ་བུ་གླིང་དུ་སྤྱོད་པར་འགྱུར་ཏེ། དེའི་རྗེས་ལ་ས་ལི་འོག་དུ་ནུབ་པར་འགྱུར་རོ།། རིགས་ཀྱི།
37b4 བུ་དཔེར་ན་ཡུལ་ཀང་ན་འབུ་རམ་ཤིང་དང་། འབྲས་ས་ལུ་དང་། འབྲ་ས་ས་སུ། འབྲུ་དང་། སཱ་ཡི་དང་། ཁ་ར་དང་། བའི་འོ་མ་དང་། མར་ཀི་སྙིང་ཁུ་རྣམས་མོད་པ་དེ་ཉིད་ན། སེམས་ཅན་རྣམ་པར་སྨིན
37b5 བས་དམན་ཞིང་བསོད་ནམས་མ་བྱས་པ་གཞན་དག་ཀྱང་ཡོད་དེ་དེ་དག་འདི་སྐད་དུ་བདག་ཅག་ཀྱི་ལུས་ཀྱི་ཁམས་འདི་ནི་ཟས་བཟང་། པོ་བོས་ན་ནད་དུ་གྱུར་རོ་ཞེས་ཟེར་ན། ཅི་ཙེ་དང་ཁྲེ་དང་ཁྲེ་དཀོད་རྣམས
37b6 ཟ་བར་བྱེད་དོ།། ཡུལ་དེ་ཀ་ཉིད་ན་གཞན་ཁ་ཅིག་ནི་ཙི་ཙི་དང་ཁྲེ་དང་། ཁྲེ་རྒོད་རྣམས་ཀྱི་མྱིང་ཡང་ཐོས་པར་མྱི་འདོད་དེ། བུ་རམ་ཤིང་དང་འདྲས་ས་ཨུ་དང་འབྲུ་རྣམས་འབའ་ཤིག་ཟ་བར་བྱེད་པ་དེ་བཞིན་དུ།
37b7 ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་ཡང་། སེམས་ཅན་གཞན་ཁ་ཅིག་ཟོས་པར་ཡང་མྱི་འདོད་དོ།། བསོད་ནམས་མ་བྱས་པ་རྣམས་ཅི་ཙི་དང་། ཁྲེ་དང་ཁྲ་རྒོད་པཞིང་བུ་རམ་ཤིང་དང་འབྲས་ས་ཡུ་ལ་སྡང་བ
37b8 བཞིན་དུ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཐེག་པ་ཆེན་པོ་ལ་སྡང་བར་འགྱུར་རོ།། དེ་ན་ཉན་པ་བསོད་ནམས་བྱེད་བྱེད་པ་གཞན་ཁ་ཅིག་འབྲས་ས་ཨུ་ཟ་བ་བཞིན་དུ། ཐེག་པ་ཆེན་པོ་བར་འགྱུར། རིགས་ཀྱི་བུ་དཔེར་ན་རི་ཁྲོད
37b9 གཅོད་རོང་ཡུལ་ངན་པ་ན་གནས་པའི་རྒྱལ་པོ་རྣམས་བུ་རམ་ཤིང་དང་། འབྲས་བུ་ས་ཨུ་རྣམས་ལྡན་པར་ཡོད་དུ་འི་ནད་ཀྱང་། འབྲུ་འདི་རྣམས་ནི་དཀོན་པ་ཡིན་ཏེ། བད་ན་མྱི་རུང་ངོ་སྙམ་ནས་བདག་ཅག་མྱི་ཟ་བར་ཙི་ཙེ་དང་ཁྲེ




iiif viewer powered by OpenSeadragon

37a - 38a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo