| e-texts navigator |
| Wylie |
36b1 ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་མྱི་དཔའ་བོ་ཡུལ་ཕྱོགས་སུ་གྲགས་པ་སྟོང་སྟོབས་ཅན་ཕུལ་ཕོད་པ་འགའ་ཞིག་ཡོད་ལ། དེ་ལ་མྱི་སྔ་མ་འགའ་ཞིག་རྟེན་ཏེ། སྔར་མ་དེ་དཔའ་བོ་དེ་ལ་དཔའ་སློབ་པ་ན། དེ་ལ་སློབ་ཀྱེ་རྨྱི
36b2 ཁྱོད་དཔའ་བོར་གྱུར་པ་འདོད་ན། རལ་ཀྲི་སོ་བསྡམས་པའི་སྟེང་དུ་འགྲོ་བར་གྱིས་ཤིག། ཀང་དང་ཀང་གི་ཚེ་འཐབ་པ་དེ་དང་དེའི་ཚེ། སུས་ཀྱང་མྱི་འཇིམས་པར་གིས་ཤིག། ལྷ་ཡང་རུང་གཏུམ་པོ་ཡང་རུང་སྟེ། རྩཝ་ཙམ་དུ་ལྟོས་ཤིག
36b3 སྙིང་སྟོབས་དང་རྟུལ་པོད་པ་ལ་བརྩོན་པར་ཀྲིས་ཤིག། རུ་བ་ངན་པ་ཁ་ཅིག་དཔའ་བོའི་ཆ་ལུགས་སུ་བསྐུར་ནས་དཔའ་བོའི་མཚོན་ཆ་ཐོགས་ཏེ། ཨུར་མོའི་རལ་གྱིས་ཤུབས་ནས་ཕྱུང་ནས་ཕྱེ་མར་ཀློགས་པ་ལྟར་བྱེད་ཅིང་འོད་ལ། རལ
36b4 གི་གཅིག་ལ་གཅིག་བདབས་པ་ལས་མྱེ་སྟག་འཕྲོ་བར་བྱེད་དེ། ཁུས་འ་དེ་བས་ཤིང་ཁྲོམ་གི་གནས་དུ་འོང་བ་དེ་ལྟ་བུ་དག་མཐོང་ན་མ་བྲོས་ཤིཀ་དང་། རུ་བ་ངན་པ་གང་ཡིན་པ་དེ་དག་གིས་དེ་དག་མཐོང་ན་འདི་དག་ནི་དཔའ
36b5 བོ་ཡིན་ནོ་སྙམ་དུ་རེག་ནས། ཁྱི་རྐུན་བཞིན་དུ་འབྱེར་བར་འགྱུར་ལ། རུ་བ་བཟང་པོ་གང་ཡིན་པ་དེ་དག་ནི་ཁྲེལ་གིས་དོགས་ཏེ་ཐེན་པར་བྱེད་དོ།། རུ་བ་ངན་པ་དེ་དག་ནི་དེ་དག་གིས་སྐྲག་ནས་འབྱེར་བར་འགྱུར་བ་དེ་བཞིན
36b6 དུ། དེ་བཞིན་གཤེགས་པ་ཡང་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དཔའ་པོ་སློབ་པར་མཛད་དེ། ཁྱེད་བདུད་སྡིག་ཅན་དུ་བ་སྔར་མ་ལྟ་བུར་མ་འརྗེ་གས་པར་དཔའ་སློབ་པ་བཞིན་དུ། རྟུལ་ཕོད་པར་ཀས་ཤིག་དང་།
36b7 བདུད་ཡིད་མྱི་བདེ་བར་འགྱུར་རོ་ཞེས་སྟོན་ཏོ།། རིགས་ཀི་བུ་གཞན་ཡང་རིགས་ཆེན་པོ་དཔའ་བོ་འམ། དཔའ་བོའི་བུ་ལ་ལ་ཞིག་སུ་ལ་ཡང་དཔའ་མ་བསླབས་ཏེ། དེའི་སློབ་དཔོན་སུ་ཡང་མྱེད་བཞིན་དུ། དེ་རང་བཞིན་གྱིས་དཔའ
36b8 ལ། རིགས་ཀྱི་ཆོས་ལུགས་སུ་གྱུར་པ། རང་གི་པ་རིགས་ཀྱི་རྟེན་དུ་འཚམ་པར་དཔའ་བ་དེ་བཞིན་དུ། ཐེག་པ་ཆེན་པོ་བ་སྐྱེས་པའམ། བུད་བྱེད་དེ། ཥེའུ་འམ། བུ་མོ་ཡང་རུང་སྟེ། དེ་དག་གིས་དགོངས་ཏེ་གསུངས་པའི
36b9 མདོའི་ཚིག་སྣ་ཚོགས་ཐོས་ན། མྱི་སྐྲག་མྱི་དང་ང་བ་དེ་དག་ནི། སྔོན་སངས་རྒྱས་དུ་མ་ལ་བསྙེན་བཀུར་བྱེད་བྱེད་པ་ཡིན་ཏེ། དེས་ན་དེ་དག་གིས་ཐེག་པ་ཆེན་པོ་འདི་ཁོང་དུ་ཆུད་ནས། མངོན་པར་དད་པར་འགྱུར་ཏེ། བདུད་དམ