| e-texts navigator |
| Wylie |
36a1 གཡས་ཕྱོགས་ནས་ཆུ་འབྱེབས་པ་དང་། མྱེ་བཞིན་དུ་འབར་ཞིང་གཟི་བྱིན་དང་། ལྡན་ལ། དུད་པར་འཐུལ་དུ་ཡིན་ཀྱང་། ང་ཁྱོད་ཀྱི་ཚིག་མྱི་ཉན་ཏོ།། ཡིད་ཆེས་པར་ཡང་མྱང་བྱེད་དོ།། གསུང་རབ་ཡན་ལག་དགུའ
36a2 སྟ་བུ་སྟོནད་ཏུ་ཟིན་ཀྱང་། ང་དད་པར་མྱི་བྱེད་དོ་ཞེས་ཀྱིས་ཤིག། རིགས་ཀྱི་བུ་ཁྱོད་དེ་ལྟར་དོགས་ན་པ་ཡང་ཚར་ཆོད་ཅིག། རིགས་ཀྱི་བུ་དཔེར་ན་མཚན་མོར་མུན་པའི་ནང་དུ་ཁྱི་རྐུན་འོངས་པ་ཚོར་ན། ཁྱིམ་བདག་མོ་འམ་བྲན་མོས་དེ་ལ་འདི
36a3 སྐད་དུ། ཁྱི་རྐུན་ཁྱོད་ངས་མ་བསད་པར་སྐྱེན་པར་ཕྱིར་སོང་ཤིག་ཅེས་བྱས་ནས། ཀྱེ་རྐུན་དེས་དེ་སྐད་དུ་འཇན་པ་ཟོས་པ་དང་། ཕྱིར་རྒྱུགས་ཏེ། སོང་བ་ཕྱིན་ཆད་ཀྱང་ཁྱིམ་དེར་མི་འོང་བ་དེ་བཞིན་དུ། ཁྱེད་ཀྱིས་བདུད་སྡིག་ཅན་ཁྱི་རྐུན
36a4 བཞིན་དུ་ཚར་གཅོད་ལ། སྡིག་ཅན་དེ་ལྟར་མ་བྱེད་པར་ངས་བཅིང་བ་རྣམ་བ་ལྔས་མ་བཅིངས་པར་སྐྱེན་པར་ཕྱིར་སོང་ཞིག་ཅེས་དེ་ལ་དེ་སྐད་གིས་ཤིག། ང་དང་། དེས་དེ་སྐད་ཐོས་མ་ཐག་ཏུ་ཁྱི་རྐུན་བཞིན་དུ་ཕྱིར་ལྡོག་པར་འགྱུ
36a5 ཏེ། དེ་ལྟར་བདུད་ཚར་གཅོད་པར་བྱེད་པ་གང་ཡིན་པ་དེ་དག་ནི་དམ་པ། ཡིན་ཏེ། མྱ་ངན་ལས་འདས་པའི་དྲུང་ན་ཁོ་ན་ན་འདུག་ཀོ་ཞེས་བཙོ་མ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལས་གླེངས་ཏེ། བདུད
36a6 ཆར་གཅོད་པ་ན་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཅིའི་སླད་དུ་གང་འག་བཞི་པོ་རྣམས་རྟེན་དུ་གྱུར་ད་པར་གཞོག་པར་མཛད་ལགས་བདག་ནི་དེ་རྣམས་ལ་མྱི་ཉན་ཅིང་གློ་བ་མྱི་ཆེས་ལགས་སོ།། བཅོམ་ལྡན
36a7 འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། ངས་ཇི་སྐད་སྨྲས་པ་དེ་ནི་དེ་ཁོ་ནའོ།། ཞིན་ནོ།། དེ་ལྟར་མོད་ཀྱི་ངས་བདུད་ཚར་བཅད་པར་སྨྲ་བ་ནི། བྱིས་པ་ཉན་ཐོས་ཀྱི་རེག་པ་པ་ཀའི་མྱིག་དང་ལྡན་པ་རྣམས་ཀྱི་དོན་དུ་སྭཱ
36a8 བ་ཡིན་གྱི། ཐེག་པ་ཆེན་པོ་རྣམས་ཀྱི་དོན་དུ་བདུད་ཆར་གཅད་པར་སྨྲས་པ་མ་ཡིན་ནོ།། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཡང་ལྷའི་ཕྱིན་དང་ལྡན་པ་བག་ཡོད་ཡོད་ཀྱི་དེ་དག་ནི་གའི་མྱིག་ཅེས་བྱ་བའི་གྲངས་སུ་གཏོགས་སོ།། ཐེག
36a9 པ་ཆེན་པོ་པ་རྣམས་ལ་ཡང་གིའི་མྱིག་དང་ལྡན་པ་དག་ཡོད་མོད་ཀྱི་དེ་དག་ནི་སངས་རྒྱས་ཀྱི་སྤྱད་ཞེས་བྱ་བའི་གྲངས་སུ་གཏོགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པའི་མདོའི་དེའི་ཁོ་ནའི་ཉིད་འཛིན་པའི