e-texts navigator
Collection
Volume
Page
Wylie

35b1 བྱེད་ཀྱང་ཕྱིར་མྱི་འོང་བའི་གྲངས་སུ་གཏོགས་ཏེ། སེམས་བསྐྱེད་མ་ཐག་པའི་ལུང་བསྟནད་པས་སངས་རྒྱས་སུ་ལུང་བསྟནད་པ་དང་། སེམས་བསྐྱེད་མ་ཐག་ཏུ་རིང་པོ་མྱ་ཐོགས་པར་སངས་རྒྱས་སུ་འགྱུར་བ་ཡིན་ཏེ། གང་ཟག་དེ་ལྟ་བུ་ནི་གར
35b2 ཟག་གསུམ་པའོ།། དགྲའ་བཅོམ་པ་ཟག་པ་ཟད་པ་ནི་གང་ཟག་བཞི་པ་སྟེ། དགྲའ་བཅོམ་པ་ཞེས་བྱ་བ་ནི། ཉོན་མོངས་པ་མྱེད་པ་ཁུར་བོར་བ། རང་གི་དོན་གྱི་བྱ་བ་བྱས་པ། དོན་གྲུབ་པ་ས་བཅུ་ཐོབ་པ་ཞེས་བྱ་བའི་དོན་དོ།། དོན
35b3 གཞན་ཡང་རྒྱས་པར་བྱེད་དེ། མྱི་སྐྱེ་བའི་ཆོས་ལ་བཟོད་པའི་ལུང་བསྟནད་པས་ལུང་བསྟནད་པ་དང་། བདག་ཉིད་ཀྱིས་ཇི་ལྟར་ནུས་པའི་གཟུགས་དང་། ཇི་ལྟར་འདོད་པའི་གཟུགས་དང་མངོན་པར་སྤྲུ་ལད་པར་བྱེད་པ་དང་ཀང་གི་ལུས་ཀྱིས
35b4 སངས་རྒྱས་སུ་འབྱུང་བར་འདོད་པ་དེའི་ལུས་ཀྱི་དེ་བཞིན་གཤེགས་པ་དགྲལ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་བྱེད་དེ། ཡོན་ཏན་འདི་རྣམ་པ་དང་ལྡན་པ་ནི་དགྲའ་བཅོམ་པ་ཞེས་བྱ་སྟེ། ཡོངས་སུ
35b5 མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ལ། གང་ཟག་བཞི་པོ་འདི་རྣམས་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་།། དེ་དག་ནི་དེ་བཞིན་གཤེགས་པ་བཞིན་དུ
35b6 ལྷ་དང་མྱི་རྣམས་ཀྱི་སྟོནད་པ་ཡིན་ཏེ། བཞི་ཆར་ཡང་སྐྱེས་བུ་ཚད་མ་ཡིན་ནོ།། རྟེན་དུ་འགྱུར་བ་ཡིན་ནོ།། གསོལྡ་པ། གང་ཟགེ་བཞི་པོ་དེ་དག་ནི་བདག་གི་ཚད་མ་ཡང་མ་ལགས། དེ་དག་ནི་རྟེན
35b7 དུ་གྱུརྡ་པ་ཡང་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལས་བཚམས་སྟེ། བདུད་ཚར་བཅད་པར་བཀའ་སྩལ་པའི་ཚེ། གལ་ཏེ་ལྷའམ་བདུད་དམ་ཚངས་པ་ཡང་རུང་སྟེ། པ་དང་།
35b8 འདྲ་བར་ལུས་མཚན་སུམ་བཅུལ་ཆ་གཉིས་དང་། དཔེའ་བྱེད་པ་བཟང་པོ་བརྒྱ་ནུས་བརྒྱནད་པ་དང་། འོད་འདོམ་གང་དང་ལྡན་པ་དང་། བཞིན་མཛོད་སྤུས་བརྒྱནད་པའི་སངས་རྒྱས་ཀྱི་སྐུའི་ཚུལ་གིས་ཡོངས་སུ་ཟིནད་ཀྱང་དེ་ཁྱོད་ཀྱིས
35b9 ཆོད་ཅིང་ཀནང་སྟེ། སྡིག་ཅན་ཁྱོད་འདི་ལྟར་དགྲལ་བཅོམ་པའི་གཟུགས་ཀྱིས་དགྲའ་བཅོམ་པ་བཞིན་དུ་བདག་ཉིད་མ་འདུག་ཤིག། སྡིག་ཅན་ཁྱོད་ནམ་མཁའ་ལ་ཉས་པར་བྱེད་ཅིང་། ཀློ་གཡོན་ཕྱོགས་ནས་མྱེ་འབར་བར་བྱེད་པ་དང་།




iiif viewer powered by OpenSeadragon

35a - 36a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo