| e-texts navigator |
| Wylie |
35a1 སྣ་ཚོགས་དང་། བྲན་དང་བྲན་མོ་ཡོངས་སུ་འཛིནད་པ་སྟོན་མྱི་སྲིད་པ་སྟེ། རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བའི་གྲངས་སུ་ནི་གཏོགས་མོད་ཀྱི། རྒྱུ་ནད་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ནི་མ་ཡིན་ནོ།
35a2 དེ་ལྟར་ས་དང་པོ་དང་གཉིས་པ་དང་གསུམ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་གསུམ་དུ་ལུང་བསྟནད་པས་སངས་རྒྱས་ཀྱི་གནས་སུ་འཆུ་ཀྱ་སྟན་ཏོ།། ཕྱིར་མྱི་འོང་བ་ཞེས་བྱ་བ་ནི
35a3 ཆོས་དེ་ཐོབ་ནས་འབྲལ་མྱི་སྲིད་པ་དང་། གཞན་དག་ལ་ཡང་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པ་རུང་བ་མ་ཡིན་པའི་མདོ་རང་བཟོ་སྣ་ཚོགས་ཀྱི་ཚིག་དང་ཡི་གེ་དང་། བྲན་དང་བྲན་མོ་ལས་སྩོགས་པ་ཡོངས་སུ་འཛིན་ད།
35a4 མྱི་སྲིད་པ་དང་། གློ་འུར་གྱི་ཉེས་པའི་ཉོན་མོངས་པ་རྣམས་ཀྱིས་དེ་ལ་གནོད་པར་འགྱུར་མྱི་སྲེད་པ་དང་། ནད་ཀྱི་ཉོན་མོངས་པ་རྣམས་ཀྱིས་དེ་ལ་གནོད་པར་འགྱུར་མྱི་སྲིད་པ་དང་། དེ་བཞིན་གཤེགས་པའི་ཁམས་བཅ
35a5 ཏེ་ཆོས་སྟོནད་པར་མྱི་སྲེད་པ་དང་། ཁམས་བཞི་སྦྲུལ་གདུགས་པ། རྟེནད་པའི་བློ་བུར་གྱི་ནད་རྣམས་ཀྱིས་དེ་ལ་གནོད་པར་བྱེད་པར་འགྱུར་གྱིས་བ་དང་། བདག་དུ་སྨྲ་ལ་ཡང་ཡིན། བདག་མྱེད་པར་སྨྲ་བ་ཚར་གཅོད
35a6 པ་ཡང་ཡན་ལ། འཇིག་རྟེན་པའི་བདག་རྣམ་པར་སྤང་བ་དང་། 2་ཇིག་རྟེན་པའི་བྱ་བ་རྣམས་ཀྱིས་ཀྱང་། འཇིག་རྟེན་ན་མཐུན་པར་བྱེདཔ་དང་། ཐེག་པ་ཆེན་པོ་མ་ཡིན་པའི་ཐེག་པ་གཞན་འབར་བར་བྱེད་མྱི
35a7 སྲིད་པ་དང་། སྲིན་བུའི་རིགས་བརྒྱད་ཅུ་དང་། ཉེས་དམྱིགས་ཆེན་པོའི་ལུས་འཛིན་པ་མ་ཡིན་པ་དང་། འདོད་པའི་བསམ་པ་རྣམ་པར་སྤངས་པ་དེའི་ལུས་ལ་རྨྱི་ལམ་དུ་ཡང་ཁུ་ཆུང་རྒྱ་སྲིད་པ་དང་། འཆི་བའི་འཇིགས་པ་རྣམས
35a8 འོང་བ་མ་བོང་ན་འཇིགས་ཀྱི་སྲིད་པའོ།། གང་བག་དེ་ལྟ་བུ་ནི་ཕྱིར་མྱི་འོང་བ་ཞེས་བྱ་སྟེ། གང་ལག་གསུམ་པའོ།། དེ་ཡང་ངེས་པར་ཕྱིར་གྱི་འོང་བས་ན་ཕྱིར་གྱི་འོང་བ་ཞེས་བྱ་སྟེ། གང་བག་དེ་ལ་ནི་ཕྱིར་གྱི་འོང་བ་ཁོབ་པ་ཞེས
35a9 ཀྱང་མྱི་བྱའོ།། སྔར་བསྟན་པའི་ཡོན་ཏན་རྣམས་ཀྱང་ཡོད་ལ། འདིས་སྐྱེས་ན་ཡང་སྔར་བསྟན་པའི་ངེས་པ་རྣམས་ཀྱིས་མི་གོས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འོང་བ་དང་། འགྲོ་བའི་ཚུལ་གྱིས་རྒྱུ་བ