e-texts navigator
Collection
Volume
Page
Wylie

34b1 པའོ།། །། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་འདི་ལ་དམ་པའི་ཆོས་ཀྱི་ཚུལ་ཐོབ་པ་དང་། དམ་པའི་ཆོས་འབྱིནད་པ་དང་རྟེནད་དུ་གྱུར་ད་པའི་གང་ཟག་བཞི་ཡོད་དེ། སྐྱེ་བོ་མང་པོ་ལ་ཕན
34b2 པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་།། བཞི་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་རང་བཞིན་ཅན་གི་མྱི། གང་ཟག་དེ་ལྟ་བུ་སྐྱེ་བོ་མང་པོ་ལ་བདེ་བ་དང་། སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་འཇིག་རྟེན་ཏུ
34b3 འབྱུང་སྟེ། འདི་ནི་གང་ཟག་དང་པོའོ།། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འོང་བའི་འབྲས་བུ་དང་། ལྡན་པའི་གང་ཟག་དེ་ལྟ་བུ་ནི་གཉིས་པའོ།། ཕྱིར་མྱ་འོང་བ་ནི་གསུམ་པའོ།། དགྲའ་བཅོམ་པ་ནི
34b4 བཞི་པ་སྟེ། གང་ཟག་འབཞི་པོ་འདི་རྣམས་ནི་རྟེན་དུ་གྱུར་པ་ཡིན་ནོ།། དེ་ལ་སོ་སོའི་སྐྱེའོ་ཞེས་བྱ་བ་ནི་ཀང་བདག་ཉིད་ཚུལ་ཁྲིམས་དང་། ཆོ་ག་དང་ཡོན་ཏན་དང་ལྡན་པར་གྱུར་ནས། ཆོས་འབྱིནད་པར
34b5 བྱེད་པ་དང་། དེ་བཞིན་གཤེགས་པའི་ཚ་བ་དང་ལྡན་པ་གང་ཡིན། པ་དེ་དག་ཐོག་མ་ཁོ་ནར་རྒྱས་པར་བྱེད་ཅིང་། དོན་ཡང་རྟོགས་པར། བྱེད་ལ་ཆོས་འདི་ནི་འདོད་ཆེན་ཆུང་བ་ཡིན་གྱི། ཆོས་འདི་ནི་འདོད
34b6 ཆེན་ཆེ་བ་མ་ཡིན་ནོ་ཞེས་དོན་བརྡའ་སྤྲོད་པ་བྱེད་པ་དང་། སྐྱེས་བུ་ཆེ་ན་པོའི་རྣམ་པར་རྟོག་པ་བརྒྱད་སྟོནད་པར་བྱེད་པ་དང་། ཉེས་པ་བྱུང་ན་དེ་ལས་བསླང་བའི་ཕྱིར་གཞན་དག་ལ་འཆགས་པར་བྱེད་པ་དང
34b7 བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་ན། དགོངས་པའི་ཚིག་ལ་མཁས་ཤིང་དམ་པའི་ཆོས་འབྱིནད་པར་བྱེད་པ་འདི་ནི་གང་ཟག་དང་པོ་སྟེ། སོ་སོའི་སྐྱེ་བོའི་གྲངས་སུ་གཏོགས་མོད་ཀྱི། འདི་ནི་སོ་སོའི་སྐྱེ་བོ་ཐོས་པ་དང་མྱི་ལྡན
34b8 པ་ཡིན་ཏེ། བརྒྱད་པའི་སོ་སོའི་སྐྱེ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་སུ་འགྱུར་བར་གནང་སྟེ། ལུང་བསྟནད་པས་ལུང་བསྟན་པ་ཡིན་ནོ།། དེ་ལ་རྒྱུན་དུ་ཞུགས
34b9 པ་དང་། ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་ནི། གང་པོས་ནས་དམ་པའི་ཆོས་འདྲི་བ་དང་འཆང་བ་དང་བྲལ་བར་འགྱུར་གྱི་སྲིད་པ་དང་། གཞན་དག་ལ་ཡང་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པ་རང་བཟོའི་ཚིག་དང་ཡི་གེ




iiif viewer powered by OpenSeadragon

34a - 35a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo