e-texts navigator
Collection
Volume
Page
Wylie

34a1 གཞན་གིས་འཇིགས་ནས། སོག་མ་ལེགས་པར་མ་བཏགས་སོ།། དེ་ནས་མ་དེའི་དེའི་ནང་ནས་བྱུང་སྟེ་སོང་ངོ་།། དེ་ནས་དེ་བདག་གིས་མ་ཤིའོ་སྙམ་སྟེ། སེམ་དགའ་བར་གྱུར་ན། མཚམས་མྱེད་པ་བྱེད་པ
34a2 ཞེས་བྱ་བའམ། འོ་ནད་ཏེ་མྱི་བྱ། གསོལ་པ། མ་གསོད་པ་ཞེས་མྱི་བགྱི་ལགས་སོ།། ཡང་གསོ་ཡད་པ། ཅི་ལགས་མཚམས་མ་མཆིས་པའི་ལས་ཀྱི་རྒྱུའི་དངོས་པོ་ཞུ་བར་འཚལ་ཡས། བཀའ་སྩ་ལད་པ
34a3 ཕ་མའི་ཕུང་པོ་བཤིག་པས་མཚམས་མྱེད་པ་བྱེད་པ་ཞེས་བྱ་བ་ནས། དེའི་ཕྱིར་དེ་མཚམས་མྱེད་པ་བྱེད་པ་ནི་མ་ཡིན་གི། མ་གསོད་པའི་སེམས་བསྐྱེད་པ་དང་བརྩལ་བས་ནས། མཚམས་མྱེད་པ་བྱེད་པ་དང་འདྲ་བ་ཡིན་ནོ།།
34a4 ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་མ་བཤི་ཀ་གི་བར་དུ་མཚམས་མྱེད་པ་བྱེད་པ་རྫོགས་པ་ཞེས་མྱི་བྱ་སྟེ། འདིར་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་དུ་རིག་པར་བྱའོ།། གསོལ་པ། བཅོམ་ལྡན་འདས
34a5 ལེགས་ལགས་སོ་ལེགས་ལགས་སོ།། དེ་ལྟར་རྒྱུའི་དབང་གིས། རིག་པར་ཡང་བགྱིལ། རིགས་པར་ཡང་མྱི་བགྱིད་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ། ངས་རྒྱུའི་དབང་གིས
34a6 ཐརྡ་པ་བརྗོད་པ་ཡིན་ནོ།། རྒྱུའི་སྒོ་ནས་མྱ་ངན་ལས་འདས་པ་ཡོན་ཏན་དཔག་ཏུ་མྱེད་པ་དང་ལྡན་པ། དཔེའ་མྱེད་པ་ཁོ་ན་ཡིན་ནོ།། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་འགྲོ་བ་ཡང་ཡོན་ཏན
34a7 དཔག་ཏུ་མྱེད་པ་དང་ལྡན་པ་ཡིན་ནོ།། དེར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས། འདས་པར་མཛད་དེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་དོན་ནི་དེ་ཡིན་ནོ།། གསོ་དེ་བཞིགཤེ་ག་པན་ཛྲ་གྱུབས་གསོ།། དེ་བའི་གཤེག་འི་སུ
34a8 བདམྱི་ཞེས་པ་ལགས་པར་བལྟ་བར་བགྱིའོ།། བཀའ་སྩལ་དཔ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། དམ་པའི་ཆོས་བསྲུང་བས་ནི་དེ་སྐད་བྱ་བའི་རིགས་སོ།། བདག་གི་མེ་ཅོམ་ངེས་པར་འབྱེད་འདོད་པས་ནི་དེ་ལྟར་བྱ་བའི
34a9 རིགས་སོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྔ་གྲངས་འདི་བཞི་རྡོ་སྟོནད་པར་བྱེད་དོ།། ། བྱང་ཆུབ་སེམས་དཔའ་སྣ་གྲངས་བཞིས་ཆོས་སྟོནད་པའི་ལེའུ་སྟེ་བཞི




iiif viewer powered by OpenSeadragon

33b - 34b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo