| e-texts navigator |
| Wylie |
33b1 བཞིན་ཞེས་བྱ་མོད་ཀྱི་ནི་ཟླ་བ་བཞིན་དང་འདྲའམ། བཞིན་ཡང་ཟླ་བ་དང་འདྲའམ། ཅི་གླང་པོ་ཆེའི་རི་དང་འདྲ་བའམ། རི་ཡང་གླང་པོ་ཆེ་བ་དང་འདྲའམ། རིགས་ཀྱི་བུ་དེ་བཞིན་དུ་ཐརྡ་པ་ཡང་དཔེའ་མྱེད་བཞིན་དུ། སེམས་ཅན
33b2 ངེས་པར་བསྒྲལ་པའི་ཕྱིར། འདིར་རྒྱུའི་དབང་གིས་དཔེས་བསྟནད་པར་རིག་པར་བྱའོ།། ཆོས་ཀྱི་དེ་ཁོ་ན་ཉིད་ཀྱང་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་དུ་རིག་པར་བྱའོ།། གསོལ་པ། ཅིའི་སླད་དུ་དེ་བཞིན་གཤེགས་པ་ནས་པ་གཉིས་སུ
33b3 སྟོན་ལགས།། བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་དཔེར་ན། མྱི་ལ་ལ་ཞིག་རལ་ཀི་ཐོགས་ནས། ངས་དེ་བཞིན་གཤེགས་པ་དགྲའ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསད་དོ་སྙམ་སྟེ། གསོད་པར་བྱེད
33b4 ལ་དེ་བཞིན་གཤེགས་པ་ནི་ལོག་པ་ཅུང་ཟད་ཀྱང་མི་མཛད་དོ།། ཞུམ་པ་མྱེད་ཅིང་དགྱེས་བཞིན་དུ་བཞུགས་ན། ཅི་མྱི་དེ་མཚམས་མྱེད་པ་བྱེད་པ་ཤེས་བྱ་བ་འམ། འོན་ཏེ་མྱི་བྱ།། གསོལ་པ། དངོས་པོའི་སྒོ་ནས
33b5 མཚམས་མྱེད་པ་བགྱིད་པ་ཞེས་མི་བགྱི་ལགས་སོ།། དེའི་སླད་དུ་ཞེ་ན། བསགས་པའི་ཁམས་མ་བཤིག་པས་ན། དངོས་པོའི་སྟེ། ནས་མཚམས་མྱེད་པ་བགྱིད་པ་མ་ལགས་སོ།། དེ་བཞིན་གཤེགས
33b6 པའི་སྐུ་ཡིད་བསགས་པའི་ཁམས་གི་བག་ཀྱང་མ་མཆིས་ཏེ། ཆོས་ག་ཁམས་ལགས་ན། ཇི་ལྟར་ན་དགྲོངས་སུ་རུང་། དེ་བས་ན་སེམས་བསྐྱེད་པ་དང་། བརྩལ་བ་ཙམ་ལས་མཚམས་མྱེད་པ་བགྱིད་པ་ཞེས་བགྱི་སྟེ
33b7 འདིར་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་རིག་པར་བགྱི་བ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། ངས་ཀྱང་ཚིགས་དེ་སྐད་དུ་སྨྲས་པར་བསམས་སོ།། རིགས་ཀྱི་བུ་གཞན་ཡང་འདི་ན་མྱི་སྡིག་ཅན
33b8 ལ་ལ་ཞིག་གིས་མ་བསད་དོ་སྙམ་ནས། དཀོན་པ་ཞིག་ན་ཁྲེ་རྒོད་དང་སྲན་ཆུང་གི་གཡུལ་དུ་བྱར་བྱས་ནས། མ་དེར་འོངས་པ་དང་། ཁྱོད་ཀྱིས་རའི་ཐུག་པ་ལེགས་པར་ཁྱེར་ཏེ་མ་འོངས་སོ་ཞེས་ཟེར་ཏེ། དགྲ་སྟ་བདར་ནས་བསད
33b9 པར་བྱས་པ་དང་། དཀྲའ་སྟེ་བདར་བའི་བར་དེའི་སྐབས་སུ། དེའི་མ་སྐྲག་ནས་སོག་མའི་ཕུང་པོའི་ནང་དུ་ཞུགས་པའོ།། དེ་ནས་དེར་དགྲལ་སྟ་ཐོགས་ཏེ། སོག་མའི་ཕུང་པོ་ལ་བསྐྲུན་ནས། ད་ནི་བདག་གི་མ་ཞིའོ་སྙམ་སྟེ། རྩི