| e-texts navigator |
| Wylie |
33a1 མ་སྐྱེས་པ་དང་མ་བྱུང་བ་གང་ལགས་པ་དེ་ནི་ཐ་རད་པ་ལགས། དེ་དེ་བཞིན་གཤེགས་པ་ལགས་ཞེས་བགྱི་འམ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟ་ལོས་སྐྱོང་བ་སྟེ། དེ་ནི་ཐ་རད་པ་ཡིན
33a2 ནོ།། དེ་ནི་དེ་བཞིན་གཤེགས་པ་ཡིན་ནོ།། གསོལ་པ། འོ་ན་ནམ་མཁའི་ཁམས་ཀྱང་མ་སྐྱེས་མ་བྱུང་བ་ལགས་ན། ཐ་དད་པ་ཡང་དེ་དང་འདྲལ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ་ཞེས་བགྱི་འམ།། བཀའ་སྩལ་པ
33a3 དེ་ལྟ་མ་ཡིན་ཏ། ཐ་རད་པ་ནི་ནམ་མཁའི་ཁམས་དང་འདྲ་བ་མ་ཡིན་ནོ།། གསོལ་པ། འོ་ན་ཇི་ལྟ་བུ་ལགས། བཀའ་སྩལྡ་པ། རིགས་ཀྱི་བུ་དཔེར་ན་བྱ་ཤང་ཤར་ཏེའུ་འམ་ཀ་ལ་བི་ཀའ་གང་གི་ཚེ། སྐད་འབྱིནད
33a4 པ་དེའི་ཚེ། ཁྭ་ལྟར་སྐད་འབྱིན་ཅེས་བྱ་བ་འམ།། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བྱ་གཞན་རྣམས་ཀྱི་སྐད་ནི་དེ་དག་གི་སྐད་ག་དཔེར་ཡང་མྱི་རུང་ལགས་སོ།། ཁྭའི་སྐད་ནི་ཤར་ཤར་ཏེའུ་དང
33a5 ཀ་ལ་བྱིང་ཀའི་སྐད་ཀྱི། བརྒྱའི་ཆར་ཡང་མྱི་སྤྱོད། སྟོང་གི་ཆར་ཡང་མྱ་སྤྱོད། གྲངས་དང་ཆ་དང་དཔེའ་དང་རྒྱུ་དང་ཡང་མི་བཟོད་ལ། ཀས་སོ།། བྱ་དེ་དག་ནི་དཔེར་མ་མཆིས་པ་ལགས་སོ།། བཅོམ
33a6 ལྡན་འདས་དེ་བཞིན་གཤེགས་པའི་གསུམ་ནི་རྒྱུའི་སྒོ་ནས། དཔེའ་མཆིས་པ་ལགས་སོ།། བཀའ་བསྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ལེགས་སོ་ཁྱོད་ཀྱིས་དེ་ལྟར་ཟབ་པར་བྱ
33a7 བའི་རིགས་ཏེ་ལེགས་སོ།། དེ་བས་ན་ཐ་རད་པ་གང་ཡིན་དེ་ནི་དེ་བཞིན་གཤེགས་པའོ།། བ་རད་པའི་རྒྱུ་དང་དཔེ་གཞན་ནི་ལྷ་དང་མྱི་དང་བཅས་པའི་འཇིག་རྟེན་ན་མྱེད་དེ་དཔེའ་བྱེད། གཞན་དུ་གདུལ་བར་བྱ་བའི་དབང་གིས་ཡོན་ཏན་འདི
33a8 འདྲའོ།། དེ་འདྲའོ་ཞེས་དཔེའ་བསྟནད་ཏོ།། ཐ་རད་པའི་དཔེའ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་ཐ་རད་པའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། འདི
33a9 པ་གཉིས་སུ་བྱར་མྱེད་ཅིང་བ་དད་པར་བྱར་མྱེད་དོ།། རིགས་ཀྱི་བུ་དཔེར་ན་དཔེའ་མྱེད་བཞིན་དུ་རྒྱུའི་དོན་གྱིས་དཔེལ་ལེན་པ་ཡང་ཡོད་དེ།། ཀྱེ་མ་བཞིན་བཟང་ཀུ་ཟླ་བ་ཉ་བ་བཞིན་ཞེས་བྱ་བ་དང་། གླང་པོ་ཆེ་བཟར་ཀྱང་གངས་ཀྱི་རི