e-texts navigator
Collection
Volume
Page
Wylie

32b1 པ། འཆི་བས་འཇིགས་ཤིང་སྐྲག་ནས་ཐབས་ཅི་ཡོད་པས་རྒྱུག་ཅིང་། དྲང་སྲོང་གི་གནས་སུ་ཕྱིན་ནས། བདེ་བར་འགྱུར་ཞིང་དབུགས་ཕྱི་ནད་པར་འགྱུར་བ་དེ་བཞིན་དུ། ཇི་ལྟར་དཟུགས་ཕྱིནད་ཅིང་བདེ་བཟླ་པ་དེ་ལྟ་བུར་སེམས་ཅན།
32b2 མང་པོ་མྱང་ངམ་ལས་འདས་པ་ཟད་མྱ་ཞེས་པ། སྲིད་པ་མངོན་པར་འདུ་བྱེད་པ་དང་། ཉོན་མོངས་པའི་རྣམ་པའི་དཀའ་ཐམས་ཅད་ཀྱི་ལ་ཀ་ནས་ཐ་ར་ད་ཏེ་ཞོར་ནས། འཆི་བས་འཇིགས་ཤིང་སྐྲག་ན་སྟེ། ཐབས་མ་ཡོད་པས་རྒྱུག་ཅིང་ཆོས
32b3 ཀྱི་དྲང་སྲོང་གྱི་གནས། དེ་བཞིན་གཤེགས་པ་ཐུབ་པའི་བཞུགས་ཚུལ་ཟླ་མྱེད་པའི་སྐྱབས་སུ་དོང་ནས། དབུགས་ཕྱི་ནད་པར་གྱུར་ད་ཏེ། དེ་དག་གང་ཚེ་དབུགས་ཕྱི་ནད་ཅིང་བདེ་བར་གྱུར་པ་དེ་ན། མྱ་ངན་ལས་འདས་པ་ཟད་མྱི་ཤེས་པའི་མྱ
32b4 ངན་ལས་འདས་པའོ།། །། བམ་པོ་བདུན་པའོ།། ། དེ་ནས་བཅོམ་ལྡན་འདས་ལ་འོད་སྲུངས་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། གལ
32b5 ཏེ་དེ་ལྟ་བས་ན་དགྲའ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་རྣམས་མ་མཆིས་པའི་སླད་དུ། ལུས་ཡོངས། སུ་གཏོང་བའི་སྒོ་ནས། མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བའི
32b6 ཐོབ་པར་མྱི་འགྱུར་ཏེ། གསུམ་ལ་སྐྱབས་སུ་མཆིས་པ་རྣམས། མྱ་ངན་ལས་འདས་པར་མྱི་འགྱུར་ལགས་སོ།། ། བཀའ་སྩ་སད་པ། ཛི་ལྟར་མྱི་བརྒྱལ་བ་ལས་སངས་རྒྱས་པའི་དྲུང་དུ་མྱི་དག་དོང་སྟེ་ཁྱེད་སངས།
32b7 ཤིང་བདེ་བར་གྱུར་ད་ཏམ། ཞེས་དྲིས་ན། དེ་སངས་ནས་བདག་སངས་ཏེ་བདེ་བར་གྱུར་ད་ཏོ་ཞེས་ཟེར་ཏེ། དེ་བརྒྱལ་བ་ལས་སངས་པ་བཞིན་དུ། སྲིད་པ་ཉི་ཤུ་རྩ་ལྔ་པོ་ཐམས་ཅད་ལས་གྲོལ་ནས། སངས་རྒྱས་ཀྱི་ཡོངས་སུ་མྱ་ངན
32b8 ལས་འདས་པ་ཐོབ་པ་ཡིན་ནོ།། མཆོག་ཏུ་བདེ་བ་ཞེས་བྱ་བ་དེ་ནི་དེར་ཟད་མྱི་ཞེས་པའི་འདུ་ཤེས་ཀྱིས་མཆོག་ཏུ་བདེ་བའི་རྣམ་པ་གང་ཡིན་པ་སྟེ། དེ་ནི་ཡོངས་སུ་མྱ་ལས་འདས་པ་ཡིན་ནོ།། དེ་ནི་ཐ་རད་པ་ཡིན་ནོ།། མཆོག་ཏུ་བརྟ།
32b9 པ་དང་། མྱི་གཡོ་བ་དང་། བདེ་བ་དང་རྟག་པ་མྱོང་བ་གང་ཡིན་པ་དེ་ནི་ཐ་རད་པའོ།། བ་རད་པ་ཀང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དེ་ནས་བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།།




iiif viewer powered by OpenSeadragon

32a - 33a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo