| e-texts navigator |
| Wylie |
32a1 པའི་ཕྱིར་སྟོང་པ་ཞེས་བྱ་བ་བཞིན་དུ། ཐ་རད་པ་ཡང་སྟོང་པ་མ་ཡིན་བཞིན་དུ། སྟོང་པ་ཞེས་བྱ་སྟེ། གཟུགས་ཡོད་བཞིན་དུཇི་ལྟར་སྟོང་པ་ཞེས་བྱ་ཞེ་ན། སྟོང་པ་ཞེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་དང་།
32a2 སྲིད་པའི་ཐ་སྙད་ཉི་ཤུ་ཎཎ་ལཱ་དང་། སྡུག་བསྔལ་དང་། འཇིག་རྟེན་ཀྱི་ཆོས་ལུགས་དང་། ཆོ་ག་དང་། སྤྱོད་ཡུལ་འབྱུང་བ་རྣམས་མྱེད་པའི་ཕྱིར། ཞོའི་བུམ་པ་ཞོ་མྱེད་པ་བཞིན་དུ། ཐ་རད་པ་ལ་སྟོང་པ་ཞེས་བྱ་སྟེ། དེ་ལ་ནི
32a3 བུམ་པའི་གཟུགས་མི་གཡོ་བ་བཞིན་ཏུ། ཤས་ཆེས་བདེ་བ་དང་། དགའ་བ་དང་། རྟག་པ་དང་། བརྟན་པ་དང་། ཟེར་ཟུག་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་། ཆོ་ག་དང་སྤྱོད་ཡུལ་རྣམས་ཡོད་དོ།། མཐརྡ་པ་ནི
32a4 བུམ་པའི་གཟུགས་བཞིན་དུ། རྟག་པ་དང་། བརྟན་པ་དང་། ཟེར་ཟུག་པ་ཡིན་གི་བུམ་པ་ནི་ཆག་པར་འགྱུར་ཏེ། རྒྱུའི་སྒོ་ནས་གཞག་པ་ང་ཙམ་དུ་ཟད་དོ།། ཐ་རད་པ་ནི་བྱས་པ་མ་ཡིན་པའི་ཕྱིར་ཆགས་པར
32a5 མྱི་འགྱུར་ལ། ཐ་རད་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་ཁམས་ཏེ། དེ་ནི་དེ་བཞིན་གཤེགས་པའོ།། སྲེད་པ་ཟད་པ་སྲེད་པ་ཟད་པ་ཞེས་བྱ་བ་ནི་སངས་རྒྱས་སུ་འགྱུར་བའི་མོད་ལ་བདག
32a6 དབང་པོར་གྱུརྡ་ཅིག་ཅེའམ། དབང་ཕྱུག་ཆེན་པོ་འམ། མི་མཇེད་ཀྱི་བདག་པོ་ཚངས་པར་གྱུར་ད་ཅེས་བྱ་བའི་སྲེད་པ་དང་། འདོད་པ་གཞ་ན་དེ་ན་མྱེད་དོ།། ཡོད་ཅེས་བྱ་བ་འམ། སྐྱེ་བར་འགྱུར་ཞེས་བྱ
32a7 བ་མྱི་སྲིད་དོ།། སྲེད་པ་ཟད་པ་གང་ཡིན་པ་དེ་ནི་སངས་རྒྱས་སོ།། དེ་ནི་ཐ་རད་པའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདོད་ཆགས་དང་བྲལ་བ་འགོག་པ། འདོད་ཆགས་དང་བྲལ་བ་འགོག་པ་ཞེས་བྱ་བ།
32a8 ལ། སྲིད་པ་ཐམས་ཅད་ལ་ཞེ་ནད་པ་དང་། འདོད་པ་མ་ལུས་པ་ལུས་པ་མྱེད་པ། ལྷག་མ་མྱེད་པ་ཐམས་ཅད་ལས། འདོད་ཆགས་དང་བྲལ་བ་རྣམས་གཏན་ཏུ་རབ་ཏུ་ཞི་བར་གྱུར་ད་པ་ནི་ཐ་རད་པ་ནི་འཆིང་བ་ཐམས་ཅད་འགོག
32a9 པའོ།། དེ་ལྟར་འགོག་པ་གང་ཡིན་པ་དེ་ནི་ཐ་རད་པའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མྱ་ངན་ལས་འདས་པ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། ཇི་ལྟར་རི་དགས་ཀི་ཁྲུ་རྔོན་པའི་ལག་ནས་ཤོར