e-texts navigator
Collection
Volume
Page
Wylie

31b1 པའོ།། ཕུང་པོ་སྤོངས་པ་ཕུང་པ་སྤོང་བ་ཞེས་བྱ་བ་ལ། སྡུག་བསྔལ་ཐམས་ཅད་བོར་ཏེ་ཤས་ཆེར་བདེ་བ་ནི་ཐ་རད་པའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པ
31b2 འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཟད་པ་ཞེས་བྱ་བ་ལ། གསུམ་ཟད་པར་བྱས་ཏེ་རྩ་ནས་བཏོན་པ་ནི་ཐ་རད་པའོ།། ཐརྡ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཕུང་པོ་ཐམས་ཅད་སྤངས་པ་ཕུང་པོ་ཐམས་ཅད་སྤངས
31b3 པ་ཞེས་བྱ་བ་ནི། ཉེས་པ་ཐམས་ཅད་སྤངས་པ་སྟེ། ལེགས་པར་མཐོང་བའི་ཕྱིར་རོ།། དེ་ནི་ཐ་རད་པ་ཡིན་ཏེ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདུས་བྱས་ཐམས་ཅད་སྤངས་པའི་དོན། འདུས་བྱས
31b4 ཐམས་ཅད་སྤངས་པའི་དོན་ཅེས་བྱ་བ་ནི་ཐ་རད་པ་སྟེ། དགེ་བ་ཐ་ཐམས་ཅད་བསྒྲུབ་པའོ་ཐརྡ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ལམ་ཆད་པ་ལམ་ཆད་པ་ཞེས་བྱ་བ་ནི་བདག་མྱེད་པ་བསྒོམས་ནས་རྒྱུན
31b5 མྱི་འཆད་པའི་ཚུལ་གིས་བདག་མྱེད་པ་འཛིནད་པ་དང་། བདག་བསྒོམས་ནས་རྒྱུན་མི་འཆད་པའི་ཚུལ་ཀིས་བདག་འཛིནད་པ་དང་གཉིས་ཀ་ཕྱོགས་བསྒོམས་ནས་སངས་རྒྱས་ཀྱི་ཁམས་གང་ཡིན་པ
31b6 དེ་ནི་ཡོད་དོ་ཞེས་དེ་འཛིན་པ་གང་ཡིན་པ་དེ་ནི་ཐ་རད་པའོ།། ཐར་དེ་པ་ཀང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི། གང་གི་ཚེ་བཙལ་ཀྱང་མི་ཡང་མ་རྙེད་པ་སྟེ། ཅི་ཡང་མྱེད
31b7 པ་ཞེས་བྱ་བ་ནི། གཅེར་བུ་པ་རྣམས་ལ་ཡང་ཡོད་མོད་ཀྱི། ཐ་རད་པ་ནི་དེ་ལྟ་མ་ཡིན་ནོ།། སྟོང་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་སྣང་ཨི་དང་། ཞུན་མར་དང་། འབྲུ་མར་དང་། ཆུ་དང་ཞོའི་བུམ་པ་རྣམས་ལ་ཞོ་ཡོད་ཀྱང་རུང་། མྱེད
31b8 ཀྱང་རུང་ཞོའི་བུམ་པ་ཞེས་བྱ་བ་དང་། དེ་བཞིན་དུ་སྦྲང་རྩི་དང་ཆུ་ཡོད་ཀྱང་རུང་མྱེད་ཀྱང་རུང་སྣང་ཅི་དང་ཆུའི་བུམ་པ་ཞེས་བྱ་བ་ནི། ཅི་དེ་ལ་བུམ་པ་པ་སྟོང་པ་ཞེས་བྱ་བ་འམ། དེ་དག་མྱེད་པ་ལ་བུམ་པ་རད་ཀྱིས་སྟོང་ངམ། གཟུགས
31b9 ཀྱང་ཡོད། ཁ་དོག་ཀྱང་ཡོད་ན་ཇི་ལྟར་སྟོང་ཞེས་བྱ། མབར་ནི་དེ་ལྟ་བུ་སྟོང་པ་མ་ཡིན་དེ། ཐ་རད་པ་ལ་ནི་གཟུགས་དང་ཁ་དོག་ཕུན་གསུམ་ཚོགས་པ་ཡང་ཡོད་ན། ཇི་ལྟར་ཞོའི་བུམ་པ་སྟོང་པ་མ་ཡིན་དུ་ཟིན་ཀྱང་། རྡོ་མྱེད




iiif viewer powered by OpenSeadragon

31a - 32a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo