| e-texts navigator |
| Wylie |
31a1 འོ་མ་ཡིན་པ་བཞིན་དུ། འཇིག་རྟེན་ལས་འདས་པ་དེ་ནི་ཐ་རད་པའོ་ཡིན་ནོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མྱི་གཡོ་བ་མྱི་གཡོ་བ་ཞེས་བྱ་བ་ནི་ཇི་ལྟར་སྒོ་གཏན་ཀི་གཏེན་མ་ཕྱོགས་བཞིའི་རླུང་གིས
31a2 བསྐྱོད་མྱི་ནུས་པ་བཞིན་དུ། ཐ་རད་པ་ཡང་དེ་དང་འདྲ་བར་བརྟན་ཞིང་མྱི་གཡོ་བ་ཡིན་ནོ།། ཐ་རད་པ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པའོ།། རྒྱ་མཚོའི་རླབས་ནི་མྱི་བརྟན་པའི་རང་བཞིན་ཅན་ཡིན་ཏེ། ཐ་དད་པ་གང་ཡིན་པ་དེ་ནི་དེ་ལྟ་མ་ཡིན་ནོ།།
31a3 ཟ་རད་པ་གང་ཡིན་པ་དེ་ན་དེ་བཞིན་གཤེགས་པའོ།། གནས་པ་གནས་པ་ཞེས་བྱ་བ་ནི། རྒྱལ་པོའི་ཕོ་བྲང་ཁང་བཟངས་འཕན་སྐྱོན་མྱེད་པ་ཡང་བཅོས་མ་མ་ཡིན་ནོ།། ཐ་རད་པ་ནི་དེ་ལྟ་མ་ཡིན་ཏེ། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན
31a4 གཤེགས་པའོ།། ངེས་པ་ངེས་པ་ཞེས་བྱ་བ་ནི་ཇི་ལྟར་འཛམ་བུ་ཆུ་བོའི་གསེར་སྐྱོན་མྱེད་ཅིང་ཐམས་ཅད་དུ་སུས་དུ་བཞིན་དུ་ཐ་རད་པ་ཡང་དེ་དང་འདྲ་སྟེ། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཐ་རད་པ་ནི་བྱིས
31a5 པའི་སྤྱོད་པ་ལྟ་བུ་མ་ཡིན་ནོ།། ཐ་རད་པ་གང་ཡིན་དེ་ནི་དེ་བཞིན་གཤེགས་པའོ།། ཤི་ནད་ཏུ་སྦྱངས་པ་ཤི་ནད་དུ་སྦྱངས་པ་ཞེས་བྱ་བ་ནི། ཇི་ལྟར་རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་ནས། མཐུ་ཆེ་ཞིང་བག་ཡངས་སུ
31a6 འདུག་པ་བཞིན་དུ། ཕུང་པོ་ཡོངས་སུ་སྤངས་པ་ན་ཐ་རད་པ་ཡིན་ནོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མཐར་ཐུག་པ་མཐར་ཐུག་པ་ཞེས་བྱ་བ་ནི་ཉོན་མོངས་པ་མྱི་གཙང་བ་ཟད་པ་སྟེ།
31a7 ཐ་རད་པ་ནི་རྒྱལ་པོའི་བཙོན་ར་ནས་ཕྱིནད་པ་གྱིད་འདྲའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། བཅོས་མ་མ་ཡིན་པའི་བདེ་བའོ།། འདོད་ཆགས་དང་ཞེས་སྡང་དང་གཏི་མུག་སྤོང་བ། འདོད་ཆགས་དང་ཞེས་སྡང་དང
31a8 གཏི་མུག་སྤོང་བ་ཞེས་བྱ་བ་ནི། གསུམ་ཀྱིས་བཏང་བ་སྟེ། ཇི་ལྟར་མྱི་སྦྲུལ་གདུགས་པས་ཟིན་པ། བདག་ཉིད་སོས་པར་བྱ་བའི་ཕྱིར་བད་ཀན་སྐྱུག་པར་བྱེད་པ་བཞིན་དུ། ཉོན་མོངས་པའི་བད་ཀན་དད་པའི་ནི་ཐ་རད་པའོ།།
31a9 བ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཉོན་མོངས་པ་སྤོང་བ་ཉོན་མོངས་པ་སྤོངས་ལ་ཞེས་བྱ་བ་ལ། སྦྲུལ་གདུགས་པ་འདྲ་བའི་ཉོན་མོངས་པ་ཟད་པ་ནི་ཐ་རད་པའོ།། ཐརྡ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས