e-texts navigator
Collection
Volume
Page
Wylie

30a1 ཡིན་ནོ།། ཐརྡ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། བདེ་བ་བདེ་བ་ཞེས་བྱ་བ་ནི་རིན་པོ་ཆེའི་གླིང་དང་འདྲ་སྟེ། དེ་བཞིན་དུ་ཐརྡ་པ་ནི་ཆོས་གི་འབྱུང་ཁུང་ངོ་།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ
30a2 ཉམ་ང་བ་མྱེད་པ་ཉམ་ང་བ་མྱེད་པ་ཞེས་བྱ་བ་ནི། ཇི་ལྟར་སྟག་གིས་འཇིགས་ཤིང་སྐྲག་ནས། ཁྲོན་པར་སོང་བའི་འོག་ཏུ་འཁྲོན་པའི་ནང་ནས་བདག་འབྱིན་ནུས་པ་སུ་ཡོད་ཞེས་ཟེར་བ་བཞིན་དུ་བ་རད་པ་ནི་ཁྲོན་པ་ལྟ་བུ་མ་ཡིན་ནོ།།
30a3 ཉམ་ང་བ་བྱེད་པ་ཞེས་བྱ་བ་ནི་ཇི་ལྟ་བུ་ཆགས་པ་ལས་གྲུ་གཞན་ཞིག་རྙེད་དེ།། རྒྱ་མཚོ་ཆེན་པོ་ལས་ངེས་པར་རྒལ་ནས། ཉམ་ང་བ་མྱེད་ཅིང་བདེ་བར་གྱུར་པ་དེ་བཞིན་དུ། བ་རང་བའི་ནི་ཉམ་ང་བ་མྱེད་པའོ།། བ.རད་པ་གང་ཡིན
30a4 པ་དེ་ནི་དེ་བཞིན་གཤེགས་པའོ།། གནས་བཅོམ་པ་ཞེས་བྱ་བ་ནི་ཀོ་སྐབས་ཟད་པ་སྟེ། ཇི་ལྟར་འོ་མ་ལྭ་ཞོ་འབྱུང་། ཞོ་ལས་མར་འབྱུང་མར་སར་ལས་ཞུན་མར་འབྱུང་། ཞུན་མར་ལས་མར་གྱི་སྙིང་ཁུ་འབྱུང
30a5 བ་བཞིན་དུ་བ་རང་པའི་གནས་ཐམས་ཅད་པ་སྟེ། མར་ཀི་སྙིང་ཁུ་ལྟར་རང་བཞིན་དུ་གནས་པའོ།། ཐ་རད་པ་ཀང་ཡིན་པ་དེ་ནི་དེ་བཞིན་། གཤེགས་པའོ།། ང་རྒྱལ་འདུལ་ཡང་རྒྱལ་འདུལ་བ་ཞེས་བྱ་བ་ནི།
30a6 ཇི་སྙམ་སའི་མངའ་བདག་རྒྱལ་པོ་ང་ནི་རྒྱལ་པོ་ཐམས་ཅད་ཀྱི་མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་འདུལ་བ་བཞིན་དུ། ཐ་རད་པ་ནི་དེ་ལྟ་མ་ཡིན་ནོ།། ཐ་རད་པ་ནི་ང་རྒྱལ་མྱེད་ཅིང་ང་རྒྱལ་དུ་འཛིནད་པ་མྱེད
30a7 པའོ། བ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རྒྱགས་པ་འདུལ་བ་རྒྱགས་པ་འདུལ་བ་ཞེས་བྱ་བ་ནི། གང་ལ་འཁྲིག་པའི་འདུན་པ་མྱིང་ཡང་མྱེད་པ་དེ་ནི་ཐར་ད་པའོ།། ཐ་རད་པ་ཀང་ཡིན་པ་དེ་ནི་དེ་བཞིན
30a8 གཤེགས་པའོ།། མ་རིག་པ་འདུལ་བ་མ་རིག་པ་འདུལ་བ་ཞེས་བྱ་བ་ནི། ཇི་ལྟར་འོ་མ་ལས་གཅིག་ནས་གཅིག་ཏུ་བསྒྱུར་ད་ཏེ། དྲི་མའི་ངེས་པའི་གང་དང་གང་ཟད་པར་གྱུརྡ་པ་དང་། དེ་ལས་མར་གི་སྙིང་ཁུ་འབལ་ཞིག་འབྱུང
30a9 བར་འགྱུར་བ་དེ་བཞིན་དུ། མ་རིག་པ་ལས་རིག་པ་འབའ་ཞིག་འབྱུང་བར་འགྱུར་ཏེ། རིག་པ་གང་ཡིན་པ་དེ་ནི་བར་པའོ།། ཐ་རད་པ་ཀང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དབེན་པ་དབེན་པ་ཞེས་བྱ་བ་ནི་ཀཔ་ལ་ཏྲའི




iiif viewer powered by OpenSeadragon

29b - 30b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo