e-texts navigator
Collection
Volume
Page
Wylie

2b1 བབྱེད་པའི་ཆུབ་གིས་མ་པར་བྱེད་པ།། རེ་འི་ལ་མེད་པ། མ་ན་ཁྱེད་ག་ས་། གཉིས་སུ་བྱེད་པའི་ནུས་གིས་གོན་པ་ཐོ།། མཉམ་པ་མཉམ་པ་སྐྱེད་པ་དང་། མཉམ་པ་དང་དཔག།
2b2 ཏུ་མྱེད་པ་དང་། མཉམ་པ་ནམ་མཁའ་དང་མཉམ་པ། གནས་མྱེད་པ་དང་མཉམ་པ། སྐྱེ་བ་མྱེད་པ་དང་མཉམ་པ། དམྱིགས་སུ་མྱེད་པ་དང་མཉམ་པ། མཉམ་པ་མྱེད་པ་དང་མཉམ་པར་གྱུར་པ། ཞི་བ་རབ་ཏུ་ཞི་བ
2b3 ཉེ་བར་ཞི་བ། རྟེན་མྱེད་པ། ཆད་པ་མྱེད་པ། སྤྱོད་པ་བསྐུར་པ། མྱི་ལྡོག་པར་ངེས་པོ་འཛིན་པ་ཐམས་ཅད་བཅད་པ། བུལ་བ་མྱེད་པ་གཉིས་སུ་བྱེད་པ་སྟོན་པ་རྣམ་པར་རིག་པར་བྱེད་པ་མྱེད་པའི་ཚུལ་དང་། སྦྱོར་བ་བྱེད
2b4 པའི་ཚུལ་གིས་རང་བཞིན་གི་ངོ་བོ་ཉིད་རིང་པོ་མ་ཡིན་པ་ཟླུམ་པོ་མ་ཡིན་པ། ཕུང་པོས་རབ་ཏུ་ཕྱེ་བ་མ་ཡིན་པ། ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ། སྐྱེ་མཆེད་ཀྱིས་རབ་ཏུ་བྱེ་བ་མ་ཡིན་པ།
2b5 འདུས་བྱས་ཀྱི་རྣམ་པར་རྟོག་པ་མྱེད། འདུས་མ་བྱས་གི་ཁམ་ས་གི་རྣམ་པར་རྟོག་པའི་གནས་མྱེད་པ། འཕྱེལ་བ་བྱེད་པ། འགྲིབ་པ་མྱེད་པ། གཞལ་དུ་མྱེད་པ། གཞས་དུ་མྱེད་པ་མ་ཡིན
2b6 པ། རྣོ་བ་རྣོ་བ་མ་ཡིན་པ། མཆོད་དུ་མྱེད་པ། མཆོད་དུ་མྱེ་ད་པ་མ་ཡིན་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་ཡོན་ཏན་ད་བག་ཏུ་མྱེད་ཅིང་བསམ་གྱིས་མྱི་ཁྱབ་པ་དང་ལྡན་པ་ཡིན་ལ། སུས
2b7 ཀྱང་མཤེས་མ་མཐོང་། ས་ཐོས། བྱེ་བྲག་མ་བྱེད་པ། རྣམ་པར་མ་ཤེས་པ། ཡོད་པ་མ་ཡིན་པ། ཚིག་དུ་བརྗོད་དུ་མི་རུང་བ། འཇིག་རྟེན་གྱི་ཁོངས་སུ་མ་འདུས་པ། རྒྱསས་ཀྱང་ས་བྱུང་བ། རྒྱུ་བྱེད་པ་ལས
2b8 ཀྱང་མ་བྱུང་བ། མུ་ནི་ཆོས་དུ་རྣམ་པར་རྟོག་པ་དང་། རྣམ་པར་རྟོག་པ་མྱེད་པའི་མཚན་ཉིད་རྣམས་དང་། མཚན་གི་གཞི་དང་། མཚན་དང་བགྲང་བ་དང་། བསྒྲེ་བ་རྣམས་ཀྱིས་ན་པཱ་རིག་པར་བྱེད་ཀྱི་ནུས་ལ། མྱ་ངན་ལས།
2b9 འདས་པར་གཤེགས་པ་ཡང་མ་ཡིན། མྱི་གཤེགས་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཡོན་ཏན་དཔག་ཏུ་མྱེད་པ་དང་ལྡན་ནོ།། འོད་སྲུང་ཆེན་པོ་དང་རུས་གཅིག་པ། དེ་བཞིན་གཤེགས་པའི་སྐུ་ནི་དེ་བཞིན




iiif viewer powered by OpenSeadragon

2a - 3a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo