e-texts navigator
Collection
Volume
Page
Wylie

29b1 ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདུན་པོ་དྲག་པོ་འདུན་པོ་དྲག་པོ་ཞེས་བྱ་བ་ནི། ཇི་ལྟར་གྲོང་ཆུ་ངུར་སྐྱེ་བོ་ཕལ་པོ་ཆེ་འཇུག་པའི་སྐབས་མྱེད་པ་བཞིན་དུ། ཐ་རད་པ་ནི་དེ་ལྟ་མ་ཡིན་ཏེ། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན
29b2 གཤེགས་པའོ།། སྲིད་པ་དང་དགའ་བ་ཟད་པ་ཞེས་བྱ་བ་ནི། སྒྱུ་མ་སྤྲུལ་པ་དང་བྲལ་བ་ལྟ་བུ་སྟེ། གང་ལ་སྐྱེས་པ་དང་བུད་མྱེད་འཁྲིག་པའི་ཆོས་ཅན་རྣམས་ཀྱི་ཕན་ཚུན་དུ་གཏམ་ཟེར་བ་ཡོད་པ་བཞིན་དུ། བ་རད་པ་ནི་དེ་ལྟ་མ་ཡིན་ཏེ།
29b3 རང་བཞིན་གིས་ངོ་བོ་ཉིད་ཀྱི་ཆོས་ཅན། འདོད་ཆགས་དང་ཞེས་སྡང་དང་གཏི་མུག་དང་བྲལ་བ་གང་ཡིན་པ་དེ་ནི་ཟ་རད་པའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སྐོམ་པ་འདུལ་བ་བསྒོམ་པ་འདུལ་བ་ཞེས་བྱ་བ
29b4 ནི། ཀང་ལ་སྲེད་པའི་བག་ཙམ་ཡང་མྱེད་པའོ།། ཡི་དགས་གེ་དཔ་མྱེད་པ་ནི་ཆོས་ཀྱི་སྲེད་པའོ།། ཆོས་ཀྱི་སྲེད་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སྙིང་པ་ཆེ་བའོ།། ཐ་རད་པ་ནི་ཡི་དགས་ཀྱི་སྲེད
29b5 པ་ལྟ་བུ་མ་ཡིན་ཏེ། བདག་དང་བདག་གིར་འཛིནད་པ་དང་བྲལ་བ་དེ་ནི་ཐ་དད་པའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འགོག་པ་འགོག་པ་ཞེས་བྱ་བ་ནི་ཐ་རད་པ་སྟེ། སྲིད་པ་ལ
29b6 ཞེ་ནད་པ་མྱེད་པའོ།། ཐརྡ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གནས་གནས་ཞེས་བྱ་བ་ནི་ཐ་རད་པ་སྟེ། སྲིད་པ་ཐམས་ཅད་ལས་ངེས་པར་གྲོལ་ཞིང་སྐྱོབ་པ་ཡིན་ནོ།། ཐ་རད་པ་ཀང་ཡིན་པ
29b7 དེ་ནི་དེ་བཞིན་གཤེགས་པའོ།། སྐྱབས་སྐྱབས་ཞེས་བྱ་བ་ནི། ཇི་ལྟར་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་ནས་སྐྱབས་གཞན་གྱི་ཚོལ་བ་ལྟ་བུའོ།། ཇི་ལྟར་རྒྱལ་པོ་ལ་སྐྱབས་འགྲོ་བ་ཀྱི་བརྟན་པ་བཞིན་དུ། བ་རད་པ་ནི་དེ
29b8 ལྷ་མ་ཡིན་ཏེ། བདེ་བ་བརྟན་པ་ནི་ཐ་རདད་པའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དཔུང་གཉེན་དཔུང་གཉེན་ཞེས་བྱ་བ་ནི། ནགས་ཁུང་དཀོན་པ་མཆོག་ཏུ་འཇིགས་པ་བཞིན་དུ། ཐ་རད་པ་དེ་ནི་དེ་ལྟ་མ
29b9 ཡིན་ཏེ། ཇི་སྙམ་རི་དགས་ཀྱི་རྒྱལ་པོའི་དཔུང་གཉེན། མི་དགས་གཞན་རྣམས་ལ་མྱེད་པ་བཞིན་ནོ།། རི་དགས་ཀྱི་རྒྱལ་པོ་ནི་འཆིབས་འཇིགས་པ་ཐམས་ཅད་ཀྱིས། འཇིགས་པ་བྱེད་པ་དེ་བཞིན་དུ། བ.རད་པནི་འཔུང་གཉེན




iiif viewer powered by OpenSeadragon

29a - 30a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo