| e-texts navigator |
| Wylie |
29a1 བྱ་བ་ལ། བ་རད་པ་ནི་སེམས་ཅན་ནད་མྱེད་ཅིང་གནོད་པ་མྱེད་པ་བཞིན་ཏེ། བ.རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མཉམ་པ་ཉིད་མཉམ་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་ཡུག་ཟུག་རེ་གཉིས་ཕན་ཚུན་འབབ།
29a2 པ་ན། སྟོབས་མཉམ་པ་བཞིན་དུ་འ་རད་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་མ་དང་བུ་མཐུན་པར་སྨྲ་བ་དེ་བཞིན་དུ། ཐ་རད་པ་ཡང་དེ་དང་འདྲ་སྟེ། བ.རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཉེ་བར་ཞི་བ་ཉེ་བར་ཞི་བ་ཞེས་བྱ་བ
29a3 གནས་ཀི་མཆོག་དེ་ཟོས་པ་ནི་གནས་གཞན་འདོད་མི་སྲིད་དོ།། ཆོ་ག་མྱི་ཞེས་པ་ཞེས་བྱ་བ་ནི་ཇི་ལྟར་ཉམ་ཆུད་པའི་ཚེ། ཁ་ཟས་གི་མཆོག་ཐོས་པའི་འོག་ཏུ་དར་བ་འཐུང་བའི་སེམས་སྐྱེ་བར་འགྱུར་བ་བཞིན་དུ། ཐ་རད
29a4 པ་ནི་དེ་ལྟ་མ་ཡིན་ཏེ། ཐ་རད་པ་གང་ཡིན་དེ་ནི་དེ་བཞིན་གཤེགས་པའོ།། ཆད་པ་ཆད་པ་ཞེས་བྱ་བ་ལ་སྲེད་པའི་བཞགས་པ་ལྟ་བུའི་ནང་གི་འདོད་པ་ཆད་པ་ཀང་ཡིན་པ་དེ་ནི་ཆད་པའི་སྒོ་ནས་ཐ་རད་པ་ཡིན་ནོ།། ཐ་རད་པ་གང་།
29a5 ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཕ་རོལ་ཕ་རོལ་ཞེས་བྱ་བ་ནི་ཇི་ལྟར་ཆུ་ཀླུང་ལ་ཆུ་རོ་དུ་མ་འོས་ཀྱི་ཝཾ་གཉིས་ཡོད་པ་བཞིན་དུ། ཐར། ད་པ་ནི་དེ་ལྟ་མ་ཡིན་ཏེ། ཐ་རད་པ་ནི་ཕ་རོ་ཡང་ཡིན་ནོ།། ཐ་རད་པ
29a6 གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཆུ་ཀླུང་བཞིན་ཞེས་བྱ་བ་ལ། ཆུ་ཀླུང་ཉིད་དཔེར་རུང་བར་ཟད་ཀྱི། འཇིག་རྟེན་ན་ཆུ་ཀླུང་གཞན་དཔེར་རུང་བ་མྱེད་དོ།། ཆུ་ཀླུང་ཞེས་བྱ་བ་ནི་རྒྱ་མཚོ་ལ་བྱས།
29a7 ཆུ་ཀླུང་ཐམས་ཅད་ཀྱི་ནང་ན་རྒྱ་མཚོ་འབའ་ཤིག་ཆུ་ཆུང་ཡིན་པས་ན། རྒྱ་མཚོ་ནི་ཆུ་ཀླུང་ཞེས་བྱ་བའི་གྲངས་སུ་གཏོགས་ཏེ།། ཆུ་ཀླུང་ཞེས་བྱ་བ་ནི་སྒྲ་ཆེན་པོ་སྒྲོགས་པའི་ཕྱིར་ཏེ། ཐ་རད་པ་ནི་ཆུ་ཀླུང་རྒྱ་མཚོའི་ཕ་རོལ་དང་འདྲའོ།།
29a8 ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། བབང་པོ་བཟང་པོ་ཞེས་བྱ་བ་ནི་གང་ལ་ཀོ་ཀ་ཏའི་འབྲས་བུ་ལྟ་བུའི་རོ་ཚ་བ་མྱེད་པ་སྟེ། བ་རད་པ་ནི་ཀོ་ན་ཏའི་འབྲས་བུ་ལྟ་བུ་མ་ཡིན་ཀི། བ་ར་པ་ནི་རྐུན་འབྲུམ་ལྟ་བུ་ཡིན་ནོ།།
29a9 ཐ་ར་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཇི་ལྟར་སྨན་པ་ཅི་དང་སྨན་ཐམས་ཅད་ཀྱིས་སེམས་གནས་པར་བྱས་ནས། ནད་དོ་ཅོག་སེལ་པ་དེ་བཞིན་དུ། བ་རད་པ་ཡང་ངེས་པ་ཐམས་ཅད་དང་འདྲ་བའོ།། ཐ་རད་པ་ག