| e-texts navigator |
| Wylie |
28b1 དཀའ་བ་ཞེས་བྱ་བ་ནི། ཇི་ལྟར་མྱིས་རང་གི་འགོ་བོའི་སྟེང་ཤི་ནད་ཏུ་བལྟར་དཀའ་བ་དེ་བཞིན་དུ། ཐ་རད་པ་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཤི་ནད་ཏུ་བལྟའ་བར་དཀའ་བ་སྟེ། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས།
28b2 པའོ།། གནས་མྱེད་པ་གནས་མྱེད་པ་ཞེས་བྱ་བ་ནི། ཁྱིམ་དང་ནམ་མཁའི་ཚིག་བླ་དགས་ཏེ། ཐ་རད་པ་ནི་དེ་ལྟ་མ་ཡིན་ནོ།། གནས་མྱེད་པ་ཞེས་བྱ་བ་ནི་ཀོ་སྐབས་མྱེད་པའི་ཚིག་བླ་དགས་ཏེ། གར་ལ་སྲིད་པའི་གནོད་པ་ཉི་ཤུ
28b3 ལྔ་མྱེད་པ་དེ་ནི་ཐ་རར་པའོ།། ཉོན་མོངས་པ་མྱེད་པ་ཉོན་མོངས་པ་མྱེད་པ་ཞེས་བྱ་བ་ནི། ཇི་ལྟར་མི་འཆང་བར་སྐྱུ་རུ་ར་ཀ་ཟུང་དུ་ཡོད་པ་བཞིན་དུ། ཐ་རད་པ་ནི་དེ་དང་འདྲ་བར་ཅི་ཡང་གཟུང་དུ་མྱེད་དོ།། ཉོན་མོངས་པ་མྱེད་པ
28b4 ཞེས་བྱ་བའི་ནི། ཇི་ལྟར་སྒྱུ་མ་མཁན་གིས་སྤྲུལ་པའི་སྒྱུ་མ་ཨ་ལ། ཅི་ཡང་གཟུང་དུ་མྱེད་པ་བཞིན་དུ། ཐ་རད་པ་ཡང་དེ་དང་འདྲ་སྟེ། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སྐྱོན་མྱེད་པའི་ལུས
28b5 སྐྱོན་མྱེད་པའི་ལུས་ཞེས་བྱ་བ་ནི། ཇི་ལྟར་མྱིལ་ལུས་ལ་སྨེ་བ་དང་། ཤུ་བ་དང་མཛེ་དང་བགས་པའི་ནད་དང་། སྐྱོན་རྣམས་མྱེད་པར་གྱུརན། པ་བཞིན་དུ། ཐ་རད་པ་ནི་དེ་ལྟ་མ་ཡིན་ནོ།། སྐྱོན་མྱེད་པ་ནི་ལུས
28b6 ཤེས་བྱ་བ་ནི། ཇི་ལྟར་བའི་འོ་མ་རང་བཞིན་གིས་མདོག་གཅིག་པ་བཞིན་དུ། ཐརྡ་པ་ཡང་མཚན་ཉིད་གཅིག་སྟེ། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དག་པ་དག་པ་ཞེས་བྱ་བ་ནི་ཇི་ལྟར
28b7 རྙོག་པའི་དྲི་མ་དང་འདྲེས་པའི་ཆུའི་ནང་དུ། ཀ་ཏ་ཀའི་འབྲས་བུ་བདར་བ་ཆུའི་རང་བཞིན་དག་པར་འགྱུར་བ་བཞིན་དུ། ཐ་རད་པ་ནི་དེ་ལྟ་མ་ཡིན་ནོ།། དག་པ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་ཆར་པའི་ཆུ་བོ་གཅིག་ཅིང་རྣམ་པར
28b8 དག་པ་བཞིན་དུ། བ་རད་པ་ཡང་དེ་དང་འདྲ་སྟེ། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གྲོལ་བ་གྲོལ་བ་ཞེས་བྱ་བ་ལ། ཐ་རད་པ་ནི་ཟླ་བ་ཚེས་བཅོ་ལྔ་དྲི་མ་མྱེད་པ་དང་འདྲ་སྟེ། ཟླ་བ་སྤྲིན་གིས་ཡོག་པ་ལྟ་བུ་མ
28b9 ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཞི་བ་ཞི་པ་ཞེས་བྱ་བ་ནི་ཇི་ལྟར་སེམས་ཅན་རིམས་ནད་ཀྱིས་ཐེབས་པ་ལས་རིམས་ནད་དང་བྲལ་བར་གྱུར་པ་བཞིན་དུ། ཐ་རད་པ་ནི་དེ་ལྟ་མ་ཡིན་ཏེ། ཞི་བ་ཞེས