| e-texts navigator |
| Wylie |
25a1 པ་ཅན་ཞེས་བྱ་བ་ལ་ཐ་རད་པ་ནི་ཞུར་ནུར་པོ་མྱི་གཙང་བས་མ་རུང་བར་གྱུར་ད་པ་མ་ཡིན་ཏེ། ཐ་རད་པ་ནི་ཇི་ལྟར་མེ་ཏོག་ཀུ་མུ་ཏ་དཀར་པོ་བཞིན་དུ་གསལ་བའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདོད།
25a2 པའི་ཉེས་པ་སྣ་ཚོགས་བསྟན་པ་ནི་ཐབས་ཡིན་པར་བསྟའ་བར་བྱའོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་ནོ།། ཟག་པ་མྱེད་པ་ཟག་པ་མྱེད་པ་ཞེས་བྱ་བ་ནི་རྨ་མྱེད་པའི་དོན་ཏེ། དེ་ནི་ཐ་རད་པ་ཡིན་ནོ།། ཐ་རད་པ
25a3 གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་ཟག་པ་མྱེད་པ་ཞེས་བྱའོ།། གནོད་པ་མྱེད་པ་གནོད་པ་མྱེད་པ་ཞེས་བྱ་བ་ནི་ཇི་ལྟར་བཀྲེས་པས་ཀཡོས་མྱེད་པ་མ་མཐོང་ན་གནོད་པར་འགྱུར་བ་དེ་བཞིན་དུ། ཐ་རད་པ་ནི་དེ་ལྟ་མ་ཡིན་ཏེ།
25a4 གནོད་པ་མྱེད་པ་གང་ཡིན་པ་དེ་ནི་ཐ་རད་པའོ།། ཐ་རད་པ་གང་ཡིན་པ། དེ་ནི་དེ་བཞིན་གཤེགས་པའོ།། ཞི་བ་ཞི་པ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་ནི་ལྷའི་གཟུགས་ལ་ཞི་བ་ཞེས་བྱ་བ་ནས། དེ་ནི་བརྫུན་ཏེ་ཐར
25a5 པ་མ་ཡིན་ཏེ། རང་བཞིན་གྱིས་ཞི་བ་གང་ཡིན་པ་དེ་ནི་ཐ་རད་པ་སྟེ། གང་གིས་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཞི་བའི་མཆོག་ཡིན་པས་ན་དེའི་ཕྱིར་ཞི་བ་ཞེས་བྱའོ།། ཞི་བ་གང་ཡིན་པ་དེ་ནི་ཐ་རད་པའོ།།
25a6 ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། བདེ་བ་བདེ་བ་ཞེས་བྱ་བ་ནི་ཇི་ལྟར་ཆོམ་རྐུན་ཀྱིས་འཇིགས་ནས་ལམ་བདེ་བར་འགྲོ་བ་བཞིན་དུ་ཐར་པ་ནི་དེ་ལྟ་བུ་མ་ཡིན་ཏེ། རང་བཞིན་གིས་བདེ་བ་དེ་ལ་ནི་འཇིགས་པའི
25a7 མྱིངར་ཡང་མྱེད་དེ། དེ་བས་ན་བཅོས་མ་མ་ཡིན་པའི་བདེ་བ་ནི་ཐ་རད་པའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སེམས་པ་ཅན་ཐམས་ཅད་ལ་བདེ་བ་མྱེད་པ་ནི་དེ་བཞིན་གཤེགས་པའོ།། གཉེན་པོ་མྱེད་པ་གཉེན
25a8 པོ་མྱེད་པ་ཞེས་བྱ་བ་ལ། གཉེན་པོ་མྱེད་པ་ཞེས་བྱ་བ་ནི། ཇི་ལྟར་རྒྱལ་པོ་ཞིང་དོགས་ཤིང་འཇིགས་པ་བཞིན་དུ། ཐ་རད་པ་ནི་དེ་ལྟ་མ་ཡིན་ཏེ། ཐ་རད་པ་ནི་ཡེ་རང་བཞིན་གིས་གཉེན་པོ་མྱེད་པའོ།། གཉེན་པོ་མྱེད་པ་ཞེས་བྱ་བ་ནི
25a9 འཁོར་ལོས་སྦྱར་བའི་རྒྱལ་པོ་ལྟ་བུ་སྟེ། དེ་ལ་གཞན་སྔམ་འཇིགས་པར་བྱེད་ནུས་པ་མྱེད་དེ། ཡོད་གྱི་སྲིད་དོ།། དེ་བཞིན་ཏུ་ཐ་རད་པ་ལ་ཡང་ཐ་ད་པའི་ཆོས་གཞམ་ཐར་གྱུར་པ་མྱེད་དེ། ཡོད་ཀྱི་སྲིད་དོ།། བ་རང་པ་གང་ཡིན་པ